ཞི་ཅིན་ཕིང་ལ་དབང་ཆ་ཆེན་པོ་ཐོབ་པ་དེས་བོད་དོན་སེལ་རྒྱུར་དགེ་མཚན་ཡོད་མེད།
ཞི་ཅིན་ཕིང་ལ་བླ་ན་མེད་པའི་དབང་ཆ་ཐོབ་པར་བོད་དོན་སེལ་རྒྱུར་དགེ་མཚན་ཡོད་མེད་ལ་སོགས་པའི་ཐད་གླེང་མོལ་གནང་བ།
-
2017-10-27 -
-
-
Your browser doesn’t support HTML5 audio
༄༅༎ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཞེས་པའི་ལེ་ཚན་ནང་དུ། རེས་གཟའ་མི་དམར་ཚེས ༢༤ ཉིན་མཇུག་བསྒྲུལ་བའི་རྒྱ་ནག་གི་ཚོགས་ཆེན ༡༩ བའི་སྔ་ནུབ་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོ་བོ་ཡིན་པའི་རྒྱ་ནག་ཡོངས་སུ་སྔར་བྱུང་མེད་པའི་དམ་དྲག་བྱས་ནས་མི་རྣམས་པའི་འགྲོ་འདུག་སྤྱོད་གསུམ་ལ་ཅ་ཟིང་པོ་བཟོས་པའི་སྐོར་དང་། དེ་བཞིན་ཞི་ཅིན་ཕེང་གི་དུས་རབས་གསར་པའི་རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟེར་བ་དམར་ཤོག་ཏང་གི་སྒྲིག་ཡིག་ཏུ་བཀོད་པ་དེས་ཅི་ཞིག་མཚོན་གྱིན་ཡོད་པ། དེ་བཞིན་ཞི་ཅིན་ཕེང་ལ་བླ་ན་མེད་པའི་དབང་ཆ་ཐོབ་པར་བོད་དོན་སེལ་རྒྱུར་དགེ་མཚན་ཡོད་མེད་ལ་སོགས་པའི་ཐད། ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བསམ་བློ་དཔྱད་གཞི་ཞེས་པའི་ལེ་ཚན་གཙོ་སྐྱོང་པ་ཀ་བཙན་བླ་མ་སྐྱབས་ལགས་སུ་སྟག་ལྷ་རྒྱལ་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་སྟག་ལྷ་རྒྱལ།