རྒྱ་ནག་གིས་ཧོ་ཀོ་རི་ཡ་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ།

ཨ་རིས་མེ་ཤུགས་ཕུར་མདེལ་འགོག་སྲུང་འཕྲུལ་ཆས་ཧོ་ཀོ་རི་ཡའི་ནང་གསར་བཙུགས་བྱེད་བཞིན་པར་བརྟེན་རྒྱ་ནག་གིས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་པ།

ཨ་རིའི་བཟོས་པའི་མེ་ཤུགས་ཕུར་མདེལ་འགོག་སྲུང་གི་འཕྲུལ་ཆས། བི་ཀི་པི་ཌི་ཡ།

༄༅། །ཐེངས་འདིའི་རྒྱ་ནག་དང་ཧོང་ཀོང་ཐེ་དབན་གྱི་ལེ་ཚན་ནང་།   ཕྱི་ཚེས་༧ཉིན་ཨ་རིས་ལྷོ་ཀོ་རི་ཡའི་ནང་ཨ་རིས་བཟོས་པའི་མེ་ཤུགས་ཕུར་མདེལ་འགོག་སྲུང་གི་འཕྲུལ་ཆས་གསར་བཙུགས་བྱེད་འགོ་བཙུགས་པའི་རྗེས། མེ་ཤུགས་ཕུར་མདེལ་འགོག་སྲུང་འཕྲུལ་ཆས་བཙུགས་སའི་ས་ཆ་ཕྱིར་ཚོང་བྱེད་མཁན་གྱི་ལྷོ་ཀུ་རི་ཡའི་Lotte ཚོང་དོན་ཁང་གི་རྒྱ་ནག་ནང་ཡོད་པའི་ཚོང་ཁང་མང་པོ་ཞིག་རྒྱ་ནག་གཞུང་གིས་མིང་སྣ་ཚོགས་ཐོག་ནས་གོ་རྒྱབ་བཅུག་པ་མ་ཟད། རྒྱ་ནག་མི་མང་ཚོས་ཚོང་ཁང་དེའི་དངོས་ཟོག་ཉོ་རྒྱུར་བཀག་འགོག་གི་སྐུལ་སློང་བྱེད་པ་སོགས་ཀྱི་སྐོར། འཆི་མེད་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

 

 

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org