གྲངས་ཉུང་མི་རིགས་ལ་དམིགས་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།

བོད་སོགས་གྲངས་ཉུང་མི་རིགས་ལ་དམིགས་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་གཏན་འབེབས་སོགས་ཀྱི་ཐད་གླེང་མོལ།

ཁྲིམས་དང་དྲང་བདེན། ཝི་ཀི་པི་ཌི་ཡ།


༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། བོད་སོགས་གྲངས་ཉུང་མི་རིགས་ལ་དམིགས་ནས་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཟེར་བ་དང་། ཧོང་ཀོང་གི་བདག་དབང་དབྱིན་ཇིའི་ལག་ནས་ལེན་ཐབས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ། ལམ་ལུགས་གཉིས་མཚོན་ཆེད་ཟུར་དུ་བཞག་པའི་ཧོང་ཀོང་དམིགས་བསལ་འཛིན་སྐྱོང་གཞི་རྩའི་བཅའ་ཁྲིམས་ཟེར་བ་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་དང་རང་བཞིན། བྱེད་ནུས། འདྲ་ས་དང་མ་འདྲ་ས། ཁྱབ་ཁོངས། བཅའ་ཁྲིམས་ཀྱི་ནང་དོན་བཞིན་དུ་ལག་ལེན་དུ་བསྟར་ཡོད་མེད། དེ་མིན་བོད་མི་དང་ཧོང་ཀོང་བའི་ཁྲིམས་ཀྱི་འདུ་ཤེས་ཀྱི་ཁྱད་པར་སོགས་ཀྱི་ཐད། ཁྲིམས་གླེང་ཞེས་པའི་དྲ་རྒྱ་གཙོ་སྐྱོང་བ་དང་། རྒྱ་ནག་གི་ཁྲིམས་ལུགས་ལ་མཁས་པའི་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་དང་ལྷན་དུ་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org