རྒྱ་ནག་གི་དམག་དཔོན་ཆི་ཧྥ་པོའི་སྐྱེ་ཡུལ་བོད་ཡིན་པ་ངོ་སྤྲོད་གནང་བྱུང་།

རྒྱ་ནག་གི་དམག་དཔོན་ཆི་ཧྥ་པོ་བོད་རིགས་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་རྒྱུས་ཡོད་མི་སྣས་ངོ་སྤྲོད་གནང་བྱུང་།

༢༠༢༡།༨།༩།རྒྱ་ནག་དཔོན་རིགས་ཚོས་དམག་དཔོན་ཆི་ཧྥ་པོ(Qi Fabao)ཡི་ཨ་མར་ཐུག་འཕྲད་བྱས་ཡོད་པ།

ཉེ་སྔོན་རྒྱ་ནག་ནང་ཨོ་ལོམ་པིཀསི་རྩེད་འགྲན་དཔལ་འབར་བརྒྱུད་སྤྲོད་སྐབས། ན་ནིང་ལོར་རྒྱ་ནག་དང་རྒྱ་གར་གྱི་ལ་དྭགས་མཐའ་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་རྩོད་འབྱུང་སྐབས་ཀྱི་གྲས་སུ་ཡོད་པའི་རྒྱ་ནག་བཅིངས་འགྲོལ་དམག་གི་དམག་དཔོན་ཆི་ཧྥ་པོ(Qi Fabao)ཞེས་པ་དེར་གོང་ཞུས་ཨོ་ལོམ་པིཀསི་རྩེད་འགྲན་གྱི་དཔལ་འབར་འཁྱེར་དུ་བཅུག་པ་དེའི། སྐྱེས་ཡུལ་བོད་ཡིན་ཡང་ད་ལྟ་ཁོང་ལ་རྒྱ་རིགས་ཞེས་བརྗོད་ཀྱི་ཡོད་པ་དེ་ལས་རྒྱ་བོད་འདུས་སྡོད་ས་ཁུལ་ནས་བོད་མི་རྒྱ་བསྒྱུར་གྱི་རྒྱ་ནག་གི་སྲིད་ཇུས་ལེགས་འགྲུབ་བྱུང་བའི་མཚོན་རྟགས་ཡིན་པ་ཕ་ཡུལ་དཔའ་རིས་ནས་ཡིན་པའི་བོད་ཀྱི་དབྱངས་རྩོམ་པ་པོ་གཅོད་པ་ཐར་ལགས་ནས་གསུངས་ཡོད་པའི་ཐད་ལྕགས་མོ་འཚོས་གནས་ཚུལ་ཕྱོགས་བསྡུས་བྱས་བར་གསན་རོགས་གནོངས།།
གསར་འགོད་པ། ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org