མཐའ་མཚམས་སུ་བོད་མི་འཛིན་བཟུང༌།
བལ་བོད་མཚམས་སུ་རྒྱ་གཞུང་མཐའ་མཚམས་ཉེན་རྟོག་པས་བོད་མི་ཁག་ཅིག་འཛིན་བཟུང་བྱས་པ།
-
2015-02-14 -
-
-
བལ་ཡུལ་དང་བོད་ཀྱི་ས་མཚམས།
བི་ཀི་པི་ཌི་ཡ།
༄༅༎ཕྱི་ཟླ་གཉིས་པའི་ཚེས་༡༣ཉིན་ནི། ༡༩༡༣ལོར་རྒྱལ་དབང་སྐུ་ཕྲེང་༡༣པ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་གནང་བའི་ཉིན་མོ་ཡིན་པར་བརྟེན། བལ་ཡུལ་གཞུང་གིས་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་སྲིད་པའི་དོགས་གཞི་བྱས་ཏེ། བོད་མི་གནས་སྡོད་ས་གནས་སུ་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་བྱས་པ་མ་ཟད། བལ་བོད་ས་མཚམས་ཀྱི་ཉེ་འགྲམ་ནས་ནམ་རྒྱུན་ས་མཚམས་བརྒལ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་བོད་མི་ཁག་གཅིག་རྒྱ་གཞུང་མཐའ་མཚམས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའ་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཐུབ་བསྟན་སངས་རྒྱས།