ཞི་ཅིན་ཕིང་གིས་མུ་མཐུད་དབང་ཆ་སྐྱོང་རྒྱུའི་ཐད་མོས་མཐུན་རྒྱབ་གཉེར་བྱས་ཡོད་པ།
ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་དབང་ཆ་མུ་མཐུད་འཛིན་པ་འདིས་བོད་ཐོག་ཤུགས་རྐྱེན་ཇི་ཐེབས་དང་།འཛམ་གླིང་མང་གཙོའི་འགྲོ་ལུགས་ལ་ཕན་གནོད།
- 2021-11-13
-
-
-
Your browser doesn’t support HTML5 audio
རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཚོགས་པའི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚང་འཛོམས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་ནས་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གྲོས་ཆོད་ ༣ པ་གཏན་འབེབས་བྱས་ཏེ། རྒྱ་ནག་གི་སྟོབས་ཤུགས་འདི་མ་འོངས་ལོ་བརྒྱའི་ནང་འཛམ་གླིང་ནང་རྒྱ་སྐྱེད་གཏོང་ཐབས་ཐད་ཐག་གཅོད་བྱུང་ཞིང་། འདིའི་ཆེད་སྲིད་འཛིན་ཞི་ཅིན་ཕིང་གིས་མུ་མཐུད་དབང་ཆ་སྐྱོང་རྒྱུའི་ཐད་མོས་མཐུན་རྒྱབ་གཉེར་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་གནས་ཉམས་ཞིབ་པ་དང་། བོད་དོན་ལས་འགུལ་བ། ཆབ་སྲིད་བཙོན་ཟུར་བཅས་དང་ལྷན་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་དབང་ཆ་མུ་མཐུད་འཛིན་པ་འདིས་བོད་ཐོག་ཤུགས་རྐྱེན་ཇི་ཐེབས་དང་། འཛམ་གླིང་མང་གཙོའི་འགྲོ་ལུགས་ལ་ཕན་གནོད་འབྲེལ་བའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་གིས་བཀའ་དྲི་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།