རྒྱ་ནག་གཞུང་གིས་མཐའ་སྲུང་དམག་དོན་ལས་འགུལ་སྤེལ་བཞིན་ཡོད་པ།

རྒྱ་ནག་གིས་དེང་སྐབས་འཛམ་གླིང་ས་ཁུལ་མང་པོའི་ནང་རྒྱ་སྐྱེད་རིང་ལུགས་ལག་བསྟར་བྱེད་དེ་ས་མཚམས་ཁུལ་དུ་དམག་སྦྱོང་དང་མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ལས་འགུལ་སྤེལ་བཞིན་པ།

རྒྱ་དཀར་ནག་གཉིས་ཀྱི་དམག་མི། སྤྱི་ཚོགས་དྲ་ལམ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་གིས་དེང་སྐབས་འཛམ་གླིང་ས་ཁུལ་མང་པོའི་ནང་རྒྱ་སྐྱེད་རིང་ལུགས་ལག་བསྟར་བྱེད་དེ་ས་མཚམས་ཁུལ་དུ་དམག་སྦྱོང་དང་མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ལས་འགུལ་སྤེལ་བཞིན་པ་དང་། བོད་ནི་རྒྱ་གར་ཐོག་ལ་མཐའ་མཚམས་ཐབས་བྱུས་ཀྱི་ས་ཚིགས་གནད་འགག་ཅན་ཞིག་ཏུ་ངོས་འཛིན་གྱིས་རྒྱ་ནག་གཞུང་གིས་མཐའ་སྲུང་དམག་དོན་ལས་འགུལ་སྤེལ་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཉེན་བརྡ་གཏོང་བཞིན་ཡོད་པ་རེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་བོད་ས་མཚམས་དང་རྒྱ་གར་རྒྱལ་སྲུང་གནད་དོན་ཐོག་ལ་དབྱེ་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་དང་ལྷན་ཨེ་ཤེ་ཡ་རད་ངབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org