བོད་མི་པེ་ཅིང་དུ་ཡོང་མཁན་རྣམས་མགྲོན་ཁང་ནང་བཞག་མི་ཆོག་པའི་བཀའ་རྒྱ།

ཉེ་ཆར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་དོན་རྐྱེན་དེ་བྱུང་རྗེས་ཡུ་གུར་མི་རིགས་ལ་ཧ་ཅང་དམ་བསྒྲགས་བྱས་པ་མ་ཟད་བོད་མི་པེ་ཅིང་གྲོང་ཁྱེར་དུ་ཡོང་མཁན་ཚོར་ལ་ཡང་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ།

གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ་དོན་རྐྱེན་བྱུང་བའི་འདྲ་པར། ཨེ་ཨེཕ་པི།

༄༅༎ཉེ་ཆར་ཕྱི་ཟླ་༡༠པའི་ཚེས་༢༨ཉིན། རྒྱ་ནག་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་དོན་རྐྱེན་དེ་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་རྡུང་རྡེག་ཚད་མེད་ཅེས་པའི་ལས་འགུལ་ཞིག་སྤེལ་ནས་ཡུ་གུར་མི་རིགས་ལ་ཧ་ཅང་དམ་བསྒྲགས་བྱས་པ་མ་ཟད། བོད་མི་པེ་ཅིང་གྲོང་ཁྱེར་དུ་ཡོང་མཁན་ཚོར་ལ་ཡང་མགྲོན་ཁང་དུ་བཞག་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར། ཉེ་ཆར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བའི་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བ་ཞིག འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བཏང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org