འགྲོ་བ་མིའི་ཐོབ་ཐང་ལ་ངོས་འཛིན་དང་དམ་བསྒྲགས།
རྒྱ་ནག་གིས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་བོད་ཚུད་པའི་ས་གནས་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་སྟེ་དམ་བསྒྲགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ།
-
2019-09-26 -
-
-
༢༠༡༩།༩།༢༦།གནམ་བདེ་སྒོ་མོ་ཆེའི་མདུན་གྱི་རྒྱ་ནག་གི་དམག་མི།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
༄༅།།དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་ཅེས་པ་ཞིག་བཏོན་ཡོད་ཅིང་། དེའི་ནང་འདས་པའི་ལོ་ངོ་བདུན་ཅུའི་རིང་རྒྱ་ནག་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་ཐོབ་ཡོད་པ་ནན་བརྗོད་བྱས་ཡོད། འོན་ཀྱང་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་བོད་ཚུད་པའི་ས་གནས་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་བཏང་སྟེ་དམ་བསྒྲགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་མང་དག་ཅིག་ཐོན་བཞིན་ཡོད་པས་འབྲེལ་ཡོད་སྐོར་ལ་སྒྲོལ་དཀར་ལགས་ཀྱིས་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།།