རྒྱ་ནག་གིས་རྒྱ་གར་དང་འབྲུག་གི་མཐའ་མཚམས་སུ་གྲོང་ཚོ་གསར་རྒྱག་བྱས་དགོས་པའི་དམིགས་ཡུལ་སྐོར།

རྒྱ་ནག་གིས་རྒྱ་གར་འབྲུག་གི་མཐའ་མཚམས་སུ་གྲོང་ཚོ་གསར་རྒྱག་བྱས་པ་ནི་ཞི་བའི་སྐབས་མི་སེར་སྡོད་ས་དང་དྲག་པོའི་སྐབས་དམག་གི་རྟེན་གཞི་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པས་གསུངས་བ།

༢༠༢༣།༡༠།༢༣ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྲུག་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་ལགས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི(Wang Yi)་རྣམ་གཉིས་ཐུག་འཕྲད་སྐབས། Chinese State Media

རྒྱ་ནག་གིས་རྩོད་གཞི་ཡོད་པའི་འབྲུག་གི་མཐའ་མཚམས་ས་ཁུལ་དུ་གྲོང་ཚོ་གསར་པ་གསུམ་འཛུུགས་བསྐྲུན་བྱས་ཟིན་པའི་གནས་ཚུལ་ཐོན་པ་དང་འབྲེལ། གནད་དོན་དབྱེ་ཞིབ་པས། རྒྱ་ནག་གིས་ཉེ་བའི་ལོ་འདི་གར་རྒྱ་གར་དང་འབྲུག་སོགས་ཀྱི་མཐའ་མཚམས་ས་ཁུལ་དུ་གྲོང་ཚོ་གསར་རྒྱག་བྱས་ཡོད་པ་དེ་དག་གི་དམིགས་ཡུལ་ནི། ཞི་བའི་སྐབས་སུ་མི་སེར་གནས་སྡོད་བྱེད་ས་དང་། དྲག་པོའི་སྐབས་སུ་དམག་གི་རྟེན་གཞི་ཆེད་དུ་ཡིན་པ་གསུངས་བའི་སྐོར། བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org