རྒྱ་ནག་གི་དངོས་ཟོག་རྒྱ་གར་ནང་ཉོ་ཚོང་མ་བྱས་པར་ངོ་རྒོལ།

རྒྱ་གར་ནང་གཞུང་འཛིན་སྲིད་དོན་ཚོགས་པ་དང་འབྲེལ་བ་ཡོད་པའི་ཚོགས་པ་སྒྲིག་འཛུགས་ཁག་གིས་མང་ཚོགས་ངོས་ནས་རྒྱ་ནག་གི་དངོས་ཟོག་རྒྱ་གར་ནང་ཉོ་ཚོང་མ་བྱས་པར་ངོ་རྒོལ་བྱ་རྒྱུའི་ལས་འཆར་ཞིག་གསལ་བསྒྲགས་བྱེད་བཞིན་ཡོད་པའི་སྐོར།

རྒྱ་ནག་གི་དངོས་ཟོག་རྒྱ་གར་ནང་ཉོ་ཚོང་མ་བྱས་པར་ངོ་རྒོལ། Reuters

རྒྱ་ནག་གིས་རྒྱ་གར་ཀ་ཤེ་མིར་མངའ་ཁུལ་གྱི་གནད་དོན་དེ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་ནང་མོལ་གྲོས་བསྡུར་ཡོང་བའི་ཆེད་དུ་པཀིསི་ཐན་ལ་རོགས་སྐྱོར་བྱས་པའི་རྗེས་རྒྱ་གར་ནང་གཞུང་འཛིན་སྲིད་དོན་ཚོགས་པ་དང་འབྲེལ་བ་ཡོད་པའི་ཚོགས་པ་སྒྲིག་འཛུགས་ཁག་གིས་མང་ཚོགས་ངོས་ནས་རྒྱ་ནག་གི་དངོས་ཟོག་རྒྱ་གར་ནང་ཉོ་ཚོང་མ་བྱས་པར་ངོ་རྒོལ་བྱ་རྒྱུའི་ལས་འཆར་ཞིག་གསལ་བསྒྲགས་བྱེད་བཞིན་ཡོད་པའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org