རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་བྱུང་ཡོད་མེད།
རྒྱ་དཀར་ནག་གི་ས་མཚམས་སུ་གདོང་ཐུག་བྱུང་རྗེས་སུ་རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་ཐོག་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་བྱུང་ཡོད་མེད་ཐེད་བགྲོ་གླེང་།
- 2021-02-26
-
-
-
རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་དོན་གོམ་བགྲོད་ལས་འགུལ་སྤེལ་གནང་མཁན་བསྟན་འཛིན་བརྩོན་འགྲུས་ལགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
Your browser doesn’t support HTML5 audio
༄༅། ཐེངས་འདིའི ༼གངས་ལྗོངས་གླེང་སྟེགས༽ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། གོམ་བགྲོད་ལས་འགུལ་དེའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་སོགས་གླེང་སློང་བྱེད་རྒྱུ་ལས་གཞན། རྒྱ་གར་གཞུང་གི་བོད་དོན་ཐད་ཀྱི་སྲིད་ཇུས་ཞི་བདེ་མཉམ་གནས་རྩ་དོན་རྣམ་གྲངས་ལྔ་ཟེར་བའི་འོག་བྱུང་བའི་རྒྱ་ནག་གཅིག་ལ་འགྱུར་བ་ཐེབས་མེད་ཀྱང་། ལོ་སྔོན་མར་བྱུང་བའི་རྒྱ་དཀར་ནག་གི་ས་མཚམས་གདོང་ཐུག་གི་རྗེས་སུ། རྒྱ་གར་གཞུང་དམངས་གཉིས་ཀའི་བོད་དོན་ཐད་ཀྱི་ལངས་ཕྱོགས་དང་ལྟ་ཚུལ་ལ་འགྱུར་བ་བྱུང་ཡོད་མེད་སོགས་ཀྱི་སྐོར། རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གོམ་བགྲོད་ལས་འགུལ་སྤེལ་གནང་མཁན་སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་ལགས་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།