རྒྱ་ནག་པེ་ཅིང་གི་ཨོ་རྩལ་རྩེད་འགྲན་དེ་མི་ལོ་བརྒྱ་ཡི་ནང་གི་འགྱུར་ལྡོག་ཆེན་པོའི་དྲན་གསོ་ཞིག་ཡིན་ཞེས་ཆབ་སྲིད་ཀྱི་དམིགས་ཡུལ་གལ་ཆེ་ཞིག་ཡོད་པའི་སྐོར།
རྒྱ་ནག་པེ་ཅིང་གི་ཨོ་རྩལ་རྩེད་འགྲན་དེ་མི་ལོ་བརྒྱ་ཡི་ནང་གི་འགྱུར་ལྡོག་ཆེན་པོའི་དྲན་གསོ་ཞིག་ཡིན་ཞེས་ཆབ་སྲིད་ཀྱི་དམིགས་ཡུལ་གལ་ཆེ་ཞིག་ཡོད་པའི་སྐོར།
- 2022-02-09
-
-
-
Your browser doesn’t support HTML5 audio
རྒྱ་ནག་གིས་ཕྱོགས་གཅིག་ནས་ལུས་རྩལ་དེ་ལུས་རྩལ་རང་ལ་བཞག་དགོས་པ་ལས་ཆབ་སྲིད་དང་འབྲེལ་བ་བཟོ་རྒྱུ་མེད་ཅེས་ཟེར་ཡང་། སྲིད་འཛིན་ཞི་ཅིན་ཕིང་གི་དགུན་ཁའི་ཨོ་རྩལ་རྩེད་འགྲན་ཚོགས་ཐུབ་པའི་ཀུན་སློང་གི་གཏམ་བཤད་ཅིག་ལ་བལྟས་པ་ཡིན་ན། ཁོང་གིས་༼པེ་ཅིང་ཨོ་རྩལ་འགྲན་ཚོགས་དེ་མི་ལོ་བརྒྱ་ཡི་ནང་གི་འགྱུར་ལྡོག་ཆེན་པོའི་དྲན་གསོ་ཞིག་ཡིན་ཞེས་དང་། དེས་རྒྱ་ནག་མི་རིགས་བསྐྱར་དར་གྱི་རླབས་ཆེན་གྱི་བྱ་གཞག་དེ་བསྒྲུབ་ཡ་ལ་སྤོབས་པ་ཞིག་སྐྱེས་ཀྱི་རེད། དེ་བཞིན་འཛམ་བུ་གླིང་ལ་རྒྱ་ནག་དེ་ཕྱི་གསལ་ནང་གསལ་དང་སྟོབས་འབྱོར་དང་ལྡན་པ། ཕྱི་ལ་སྒོ་ཕྱེ་བ། རེ་བའི་ཁེངས་ལྡན་པའི་རྒྱལ་ཁབ་ཅིག་གི་རྣམ་པ་ཕྱི་ལ་སྟོན་ཐུབ་པ་མ་ཟད་ལོ་རྒྱུས་ཀྱི་དེབ་ཐེར་ནང་འདི་ལྟར་འཁོད་ཀྱི་རེད། དེ་བཞིན་འཛམ་བུ་གླིང་གིས་རྒྱ་ནག་གི་ད་ལྟ་འགྲོ་བཞིན་པའི་ལམ་ཀ་དེ་ལ་ངོས་འཛིན་གསར་པ་ཞིག་ཐོབ་རྒྱུ་རེད་ལ། རྒྱ་ནག་དེ་ཉིན་རེ་བཞིན་འཛམ་བུ་གླིང་གི་ལྡིང་ཆ་དབུས་སུ་སླེབས་ཐུབ་པ་ཞིག་ལ་མཚོན་གྱི་ཡོད་རེད་༽ཅེས་ཆབ་སྲིད་ཀྱི་གལ་འགངས་ཆེན་པོ་ཞིག་ལ་བརྩི་ཡོད་པ་རེད་ཅེས་ཐེ་ཝན་སྐུ་ཚབ་དོན་གཅོད་དང་རྒྱ་ནག་ཐོག་གི་ཉམས་ཞིབ་པ་སྐུ་ངོ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དབྱེ་ཞིབ་གནང་བ་ཞིག་དང་།
ཡང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་ལོ་རྒྱུས་རང་བཞིན་ཅན་ཞིག་དང་ཞི་བདེ་དང་མཐུན་སྒྲིལ་མཚོན་པའི་ཐོག་མའི་དམིགས་ཡུལ་དེ་ལྟར་ཡིན་ཡང་། དོན་དངོས་ཐོག་ཆབ་སྲིད་ཀྱི་དམིགས་ཡུལ་དང་ལག་ཆ་ཞིག་ལ་འགྱུར་འགྲོ་གི་ཡོད་པ་རེད་ཅེས། ཨ་རིའི་Rhode Island གཙུག་ལག་སློབ་གྲྭ་ཆེ་མོའི་འབུམ་རམས་པ་སློབ་དགེ་ཐུབ་བསྟན་བསྟན་དར་ལགས་ཀྱིས་དགོངས་ཚུལ་གསུངས་པ་བཅས། ཞིབ་ཕྲ་གཤམ་དུ་ཁ་བའི་གྲོས་རྭ་ལེ་ཚན་ནང་ཁོང་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱི་བར་བགྲོ་གླེང་གནང་བར་གསན་རོགས་ཞུ།།
གསར་འགོད་པ། ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག