ཐེ་ཝན་རྒྱལ་ས་ཐད་པད་ལ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐེངས་༢༦པ་གནང་ཡོད་པ།

ཐེ་ཝན་དུ་རྒྱལ་སྤྱིའི་དཔེ་དེབ་འགྲོམས་སྟོན་ཐེངས་༢༦པའི་ཐོག་ཐེ་ཝན་གངས་ལྔོངས་དཔེ་སྐྲུན་ཁང་ཡང་མཉམ་ཞུགས་གནང༌སྟེ་བོད་དང་འབྲེལ་ཡོད་ཀྱི་དེབ་གསར་པ་གཉིས་དབུ་འབྱེད་གནང་ཡོད་པ།

ཐེ་ཝན་དོན་གཅོད་སྐུ་ངོ་ཟླ་བ་ཚེ་རིང་ལགས་དང་སློབ་དཔོན་ཆེན་པོ་མཔ་ཧོང་ནས་དཔེ་དེབ་དབུ་འབྱེད་གནང་བ། དབུས་བོད་མིའི་སྒྲིག་འཛུགས།

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ། ཐེ་ཝན་རྒྱལ་ས་ཐད་པད་ལ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐེངས་༢༦པ་དེ་གནང་ཡོད་པ་དང༌།  ད་ཐེངས་ཀྱི་རྒྱལ་སྤྱིའི་དཔེ་དེབ་འགྲོམས་སྟོན་དེའི་ཐོག་ཐེ་ཝན་གངས་ལྔོངས་དཔེ་སྐྲུན་ཁང་ཡང་མཉམ་ཞུགས་གནང༌སྟེ་བོད་དང་འབྲེལ་ཡོད་ཀྱི་དེབ་གསར་པ་གཉིས་དབུ་འབྱེད་གནང་ཡོད་པ་སོགས་དང་འབྲེལ་བའི་སྐོར། སྒྲོལ་དཀར་ལགས་ཀྱིས་འབྲེལ་ཡོད་དང་ལྷན་དུ་བཀའ་མོལ་གནང་བར་གསན་རོགས་ཞུ༎

གསར་འགོད་པ་སྒྲོལ་དཀར།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org