བོད་ལྗོངས་མང་གཙོ་དུས་དྲན།
བོད་གཞུང་མང་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ།
-
2010-09-02 -
-
-
རྒྱ་གར་ལྷོ་ཕྱོགས་སུ་བོད་གཞུང་མང་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ་གསར་གྱི་གཟེངས་རྟགས་འབུལ་ལམ་ཞུ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསོད་ནམས་དབང་འདུས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་ཟླ་དགུ་པའི་ཚེས་གཉིས་རེས་གཟའ་ཕུར་བུའི་ཉིན། རྒྱ་གར་ལྷོ་ཕྱོགས་སུ་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་རྣམས་ལ་དམངས་གཙོའི་ལམ་སྲོལ་བཟང་པོ་གསོལ་བསྩལ་མཛད་གནང་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དང་འབྲེལ། ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ་བཙན་བྱོལ་བོད་གཞུང་མང་ནས་གསར་གྱི་གཟེངས་རྟགས་འབུལ་ལམ་ཞུས་གནང་ཡོད་པའི་སྐོར། འདི་གའི་ཆེད་གཏོང་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་འབྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎