བོད་མི་ཆབ་སྲིད་བཙོན་ཟུར་ཞིག་གིས་སྦེལ་ཇིཡམ་གྱི་རྒྱལ་ས་སྦརཱ་སེལསི་གྲོང་ཁྱེར་གྱི་ཤར་ཕྱོཊ་ལིའུ་ཝན་ (Leuven) ས་གནས་སུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་ཛམ་ལྷ་ལགས་ཀྱིས་ཡོ་རོབ་ནང་གི་བོད་མི་སྟོང་འཚོ་གནས་ཡུལ་སྦེལ་ཇིཡམ་གྱི་རྒྱལ་ས་སྦརཱ་སེལསི་གྲོང་ཁྱེར་གྱི་ཟུར་དུ་འཁེལ་བའི་ལིའུ་ཝན་ (Leuven) ས་གནས་སུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ནས་ལོ་ངོ་ཁ་ཤས་སོང་ཡོད་པ་རེད།
- 2025-03-13
-
-
-
Your browser doesn’t support HTML5 audio
འཛམ་གླིང་ས་ཕྱོཊ་གང་སར་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་སྐབས་རྔམ་སྟོན་ངོ་རྒོལ་དང་། གྲོང་སྡེ་ལྷན་ཚོགས་བརྒྱ་ཕྲག་མང་པོའི་སར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས། བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་མི་འདྲ་བ་མང་པོ་ཞིག་སྤེལ་ཡོད་པ་རེད། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཛམ་ལྷ་ལགས་ཀྱིས་ཡོ་རོབ་ནང་གི་བོད་མི་སྟོང་འཚོ་གནས་ཡུལ་སྦེལ་ཇིཡམ་གྱི་རྒྱལ་ས་སྦརཱ་སེལསི་གྲོང་ཁྱེར་གྱི་ཟུར་དུ་འཁེལ་བའི་ལིའུ་ཝན་ (Leuven) ས་གནས་སུ་
བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ནས་ལོ་ངོ་ཁ་ཤས་སོང་ཡོད་པ་རེད། ཐེངས་འདིའི་ལས་རིམ་ནང་། ཛམ་ལྷ་ལགས་ཀྱིས་འདི་ལོའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཇི་གནང་དང་ཁོང་གི་མི་ཚེའི་འགྲུལ་བཞུད་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།