བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་འགན་འཕར་མ་ཞིག་ཡོད་ཅེས། བོད་པའི་གཞས་པ་བསྟན་འཛིན་དོན་འགྲུབ་ལགས་ཀྱིས་གསུངས་པ།

བསྟན་འཛིན་དོན་འགྲུབ།

ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནང་གནས་སྡོད་གནང་མཁན་བོད་པའི་གཞས་པ་དང་། གཞས་ཚིག་རྩོམ་པ་པོ། སྒྲ་དབྱངས་སྒྲིག་བཟོ་བ་བསྟན་འཛིན་དོན་འགྲུབ་ལགས་ཀྱིས། གླུ་གཞས་ནི་སྒྱུ་རྩལ་བ་ཞིག་གི་ངོས་ནས་སོ་སོ་རང་ཉིད་ཀྱི་བསམ་ཚུལ་བཏོན་ཐབས་ཤིག་ཡིན་པ་དང་། བོད་ཕྱི་ཕྱོགས་སུ་གནས་པའི་བོད་པའི་གླུ་བ་ཚོས་བོད་མི་རིགས་ཀྱི་གནས་དོན་དྲིལ་བསྒྲགས་བྱ་རྒྱུ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པའི་ལམ་ཞིག་འཚོལ་དགོས་པ་སོགས་གསུངས་སོང་། དེ་དང་འབྲེལ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པའི་ལེ་ཚན་འདི་གཤམ་ལ་གསན་གནང་གི་རེད།

གསར་འགོད་པ། སྒྲོལ་མ་ལྷ་མོ།

རྩོམ་སྒྲིག་འགན་འཛིན། བསྟན་འཛིན་བདེ་སྐྱིད།

དྲ་ཐོག་སྤེལ་མཁན་། ནོར་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org