བོད་མིས་བོད་ཀྱི་ཁོར་ཡུག་ཐོག་ལྟ་ཚུལ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐོག་རྩོམ་ཡིག་སྤེལ་བ་རྣམས་ཕྱོགས་བསྒྲིགས་ཞུས་པའི་དཔེ་དེབ་འདོན་སྤེལ་གནང་ཡོད་པ།

ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༩ ༢༠༢༡།༩།༢༩། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདོན་སྤེལ་གནང་བའི་དཔེ་དེབ་དབུ་འབྱེད་གནང་ཡོད་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།

ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ བར་ལོ་ངོ་བཅུའི་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པས། བོད་ཀྱི་ཁོར་ཡུག་གི་གནད་དོན་ཐོག་རྩོམ་ཡིག་སྤེལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས། བོད་མིས་བོད་ཀྱི་ཁོར་ཡུག་ཐོག་ལྟ་ཚུལ་ཞེས་པའི་དཔེ་དེབ་དང་། ཕྱི་ལོ་ ༢༠༢༠ བོད་གནས་བསྐྱར་ཞིབ་ཅེས་པའི་དུས་དེབ་བཅས་པ་འདོན་སྤེལ་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་ལྷན་སྙན་ཐོ་ཕྱོགས་བསྡུས་ཀྱི་དོན་སྙིང་དང་གནད་འགག་བཅས་ཀྱི་སྐོར་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org