རྡ་ས་ནས་འབྲས་ལྗོངས་ཀྱི་ས་མཚམས་སྣ་ཐོད་ལ་བར་ཞི་བའི་གོམ་འགྲོད་ལས་འགུལ།
བོད་མི་བསྟན་འཛི་དོན་གྲུབ་ལགས་ཀྱིས་བོད་དོན་ཆེད་བཞུགས་སྒར་རྡ་རམ་ས་ནས་འབྲས་ལྗོངས་ཀྱི་ས་མཚམས་སྣ་ཐོད་ལ་བར་ཞི་བའི་གོམ་འགྲོད་ལས་འགུལ་འགོ་འཛུགས་གནང་སོང་།
-
2020-11-02 -
-
-
བོད་མི་བསྟན་འཛི་དོན་གྲུབ་ལགས་ཀྱིས་བོད་དོན་ཆེད་བཞུགས་སྒར་རྡ་རམ་ས་ནས་འབྲས་ལྗོངས་ཀྱི་ས་མཚམས་སྣ་ཐོད་ལ་བར་ཞི་བའི་གོམ་འགྲོད་ལས་འགུལ་འགོ་འཛུགས་གནང་སོང་།
བུད་མེད་ལྷན་ཚོགས།
Your browser doesn’t support HTML5 audio
༄༅།།ཕྱི་ཟླ་༡༡ ཚེས་༢རེས་གཟའ་ཟླ་བའི་ཉིན་བོད་མི་བསྟན་འཛིན་དོན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འཁོར་ཡུག་ཉམས་རྒུད་དུ་གཏོང་བཞིན་པར་འཛམ་གླིང་མི་མང་ནས་ཛ་དྲག་གི་ཐུགས་སྣང་ཡོང་ཐབས་དང་། འཛམ་གླིང་རྒྱ་ཆེའི་མི་མང་ངོས་ནས་བོད་དེ་རྒྱ་ནག་གི་བཙན་བཟུང་བྱེད་པའི་རྒྱལ་ཁབ་ཤིག་ལ་ངེས་པར་དུ་ངོས་འཛིན་བྱ་རྒྱུ། དེ་བཞིན་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་དགོས་པ་བཅས་དགོས་འདུན་དོན་ཚན་གསུམ་གྱི་འོག་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལའི་མེག་ལོཌ་གྷཇེའི་ལམ་སུམ་མདོ་ནས་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་ས་མཚམས་སྣ་ཐོད་ལ་བར་ཞི་བའི་གོམ་འགྲོད་ལས་འགུལ་སྤེལ་འགོ་འཛུགས་གནང་བའི་སྐོར་འདི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་ཞུས་པར་གསན་རོགས།།
གསར་འགོད་པ་བློ་བཟང་དགེ་ལེགས།