ལོ་ངོ་༦༣ འཁོར་བའི་བོད་ཕྲུག་ཁྱིམ་སྡེ།

དེ་སྔོན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ནས་ཐོན་པ། རིམ་བཞིན་མཐོ་སློབ་འགྲིམས་ནས་སློབ་མཐར་ཕྱིན་རྗེས་དེང་སང་སྤྱི་ཚོགས་ནང་ཞབས་ཞུའི་ལས་དོན་སྒྲུབ་བཞིན་ཡོད།

སྒྲིག་བཟོ།

སྤྱི་ཟླ་༡༠ ཚེས་༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་༦༣འཁོར་པའི་དུས་དྲན་སྲུང་བརྩི་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།  དེ་རིང་ང་ཚོ་ཁ་བའི་གྲོས་རྭའི་ལེ་ཚན་ནང་། ལོ་རྒྱུས་ལ་ཕྱིར་བལྟས་ཀྱིས་དེ་སྔོན་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ནས་ཐོན་པ། རིམ་བཞིན་སློབ་གྲྭར་འགྲིམས་ནས་སློབ་མཐར་ཕྱིན་རྗེས་དེང་སང་སྤྱི་ཚོགས་ནང་ཞབས་ཞུའི་ལས་དོན་སྒྲུབ་མཁན་གྲས་བཅས་ལ་བོད་ཕྲུག་ཁྱིམ་སྡེས་ཁོང་ཚོའི་མི་ཚེར་ཤུགས་རྐྱེན་གང་སླེབས་ཡོད་མེད་དང་། བོད་ཕྲུག་ཁྱིམ་སྡེའི་དམིགས་ཡུལ་གྲུབ་ཐུབ་ཡོད་མེད་སྐོར་ཀྱི་དགོངས་ཚུལ་དང་། དེ་བཞིན་དེང་སང་བོད་ཕྲུག་ཁྱིམ་སྡེ་གཙོས་པའི་བོད་པའི་སློབ་གྲྭ་ཁག་གི་དཀའ་ངལ་ཡོད་པར་འཛིན་སྐྱོང་ཁག་དང་བོད་པ་ཁྱོན་ཡོངས་ནས་གདོང་ལེན་གནང་ཕྱོགས་བཅས་ཀྱི་ཐད་ལ་ཆོས་སྐྱིད་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ། 

གསར་འགོད་པ། ཆོས་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org