བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་ལ་ངོ་རྒོལ།

ཀུ་ཤུ་རྟགས་ཅན་གྱིས་རྒྱ་ནག་ནང་ཕབ་ལེན་མཉེན་ཆས་ཁོང་ནས་VPNཞེས་པའི་གསང་བའི་དྲ་ཚིགས་དེ་ཕྱིར་འཐེན་བྱས་པར་བརྟེན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་རྒོལ་གནང་ཡོད་པ།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་ཚོང་ཁང༌། བི་ཀི་པི་ཌི་ཡ།

༄༅། །ཉེ་ཆར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཨེ་པལ་འམ་ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་ནས་རྒྱ་ནག་ཁྱོན་ཡོངས་ཀྱི་ཀུ་ཤུ་རྟགས་ཅན་གྱི་ཕབ་ལེན་བརྙན་ཆས་ཁོང་ནས་VPNཞེས་པའི་གསང་བའི་དྲ་ཚིགས་དེ་ཕྱིར་འཐེན་བྱས་པར་བརྟེན། ཟླ་འདིའི་ཕྱི་ཚེས་༢༥ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ཀུ་ཤུ་རྟགས་ཅན་གྱི་ཚོང་ཁང་གི་མདུན་དུ་ངོ་རྒོལ་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་བདེ་སྐྱིད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org