རྡ་ས་ནས་རྡོ་རྗེ་གདན་བར་རྐང་འཁོར་སྐོར་བསྐྱོད།

བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་རྒྱང་ཐག་ཀི་ལོ་མི་ཀྲར་༢༠༠༠ལྷག་རིང་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་སྟེ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་པ།

ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་སྐབས་ཕེབས་བསུའི་སྣེ་ལེན། ལྡི་སི་ས་གནས་གཞོན་ནུའི་ངོ་དེབ།

བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་རྒྱང་ཐག་ཀི་ལོ་མི་ཀྲར་༢༠༠༠ལྷག་རིང་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་གནང་སྟེ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་པ་འཇམ་དབྱངས་བསྟན་འཛིན་ལགས་ལ་ཁོང་གིས་ལས་འགུལ་དེ་སྤེལ་དགོས་པའི་དགོས་པ་རྒྱུ་མཚན་དང་ས་གནས་རྒྱ་གར་གྱི་ཡུལ་མི་དང་བོད་མི་རྣམས་ཀྱིས་རྒྱབ་སྐྱོར་ཇི་ལྟར་གནང་གི་ཡོད་མེད་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། ཚེ་དབང་དངོས་གྲུབ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org