ས་ཡོམ་གྱི་གོད་ཆག་བྱུང་ཚོའི་ཆེད་དུ་གདུང་སེམས་མཉམ་བསྐྱེད།
ཉེ་ཆར་བལ་ཡུལ་གཙོས་པས་བོད་དང་རྒྱ་གར་བཅས་སུ་ས་ཡོམ་གྱི་གོད་ཆག་འོག་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་འཚབ་ཆེ་བྱུང་བར་འཛམ་བུ་གླིང་གི་ས་ཕྱོགས་གང་སར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་འདུག
-
2015-04-29 -
-
-
ས་ཡོམ་གྱི་གོད་ཆག་འཚབ་ཆེ་བྱུང་བ།
སྤྱི་ཚོགས་དྲ་གནས།
Your browser doesn’t support HTML5 audio
༄༅། །བལ་ཡུལ་ནང་རང་བྱུང་ས་ཡོམ་གྱི་དཀའ་ངལ་འོག་བོད་མི་ཚོས་ཕན་ཚུན་རོགས་རམ་གནང་རེས་བྱེད་བཞིན་འདུག ཞིབ་ཕྲ་ང་ཚོའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།
༄༅། །བལ་ཡུལ་དུ་ས་ཡོམ་གོད་ཆག་ཁྲོད་མི་གྲངས་སྟོང་ཕྲག་མང་པོ་ཤི་རྨས་བྱུང་བར་རྒྱ་གར་ ལྷོ་ཕྱོགས་བྷེ་ཀོབ་ཁུལ་དུ་བོད་མི་ཚོས་མཆོད་འབུལ་སྨོན་ལམ་གསུངས་བཞིན་འདུག དེའི་སྐོར་ང་ཚོའི་ས་གནས་གར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།
༄༅། །བལ་ཡུལ་དུ་ས་ཡོམ་གོད་ཆག་ཁྲོད་མི་གྲངས་སྟོང་ཕྲག་མང་པོ་ཤི་རྨས་བྱུང་བར་ཨ་རིའི་ གྲོང་ཁྱེར་ནེའུ་ཡོག་ནང་མར་མེ་ཁྲོམ་སྐོར་དང་གདུང་སེམས་མཉམ་བསྐྱེད་གནང་བའི་ སྐོར། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།