བོད་ཀྱི་འདས་མ་ད་གསུམ་ཐོག་བགྲོ་གླེང༌ཚོགས་འདུ་གནང་ཡོད་པ།

བོད་ཀྱི་འདས་པའི་ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་གནས་བབས། བོད་ཀྱི་མ་འོངས་པའི་གནད་དོན་དང་མདུན་སྐྱོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་བགྲོ་གླེང་།

བོད་ཀྱི་འདས་པའི་ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་གནས་བབས། བོད་ཀྱི་མ་འོངས་པའི་གནད་དོན་དང་མདུན་སྐྱོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་བགྲོ་གླེང་ཚོགས་འདུ་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། སངས་རྒྱས་རྒྱ་མཚོ།

༄༅། །དེ་རིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ཏུ། བོད་ཀྱི་འདས་པའི་ལོ་རྒྱུས་དང་། བོད་ནང་གི་ད་ལྟའི་གནས་བབས། བོད་ཀྱི་མ་འོངས་པའི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཆབ་སྲིད་ཀྱི་འགོ་ཁྲིད་མི་སྣ། བོད་གནས་ཉམས་ཞིབ་པ་དང༌། དེ་བཞིན་མཁས་དབང་ཤེས་ལྡན་མི་སྣ་ལྷན་ཞུགས་གནང་སྟེ་གཏམ་བཤད་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་སངས་རྒྱས་རྒྱ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org