འཕྲོད་བསྟེན་ཐད་འགྲུབ་འབྲས་ཐོན་པའི་ལས་འཆར་གྲ་སྒྲིག་ཞུ་བཞིན་ཡོད།

སྲིད་སྐྱོང་མཆོག་གིས་མ་འོངས་ལོ་གསུམ་ནང་འཕྲོད་བསྟེན་ཐད་འགྲུབ་འབྲས་ཐོན་པའི་ལས་འཆར་གྲ་སྒྲིག་ཞུ་བཞིན་ཡོད་ཅེས་གྲོས་ཚོགས་ནང་གསུངས་འདུག

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡པ་ཚོགས་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡པའི་ཉིན་༨པའི་ཐོག སྲིད་སྐྱོང་མཆོག་གིས་ཉེ་ལམ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཕྲོད་བསྟེན་ཐོག་འཐུས་ཤོར་ཕྱིན་ཡོད་པའི་སྐོར་ཐུགས་ཕམ་དང་བཅས་བཀའ་སློབ་ཕེབས་པར་བརྟེན་མ་འོངས་ལོ་གསུམ་ནང་འགྲུབ་འབྲས་ཐོན་པའི་ལས་འཆར་གྲ་སྒྲིག་ཞུ་བཞིན་ཡོད་ཅེས་གྲོས་ཚོགས་ནང་གསུངས་འདུག། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org