སྲིད་སྐྱོང་མཆོག་གིས་ནོར་ཝེ་རྒྱལ་ཁབ་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་གྱི་འཚམས་གཟིགས་ལེགས་པར་གྲུབ་པའི་རྗེས་སུ། ནོར་ཝེ་རྒྱལ་ཁབ་ཏུ་ཕེབས་འབྱོར་གྱིས་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ།
- 2023-05-03
-
-
-
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནོར་ཝེ་གྲོས་ཚོགས་སུ་ནོར་ཝེ་ལྗང་ཁུ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་ཚོང་དོན་དང་། བཟོ་གྲྭའི་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ Rasmus Hansson (Green Party) མཆོག་དང་། རྙིང་ཞེན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་དང་། བདེ་སྲུང་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་ Ingjerd Schou (Conservative Party) མཆོག་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་པ།
བོད་མིའི་སྒྲིག་འཛུགས།
Your browser doesn’t support HTML5 audio
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབྱིན་ཡུལ་གྱི་འཚམས་གཟིགས་ལེགས་པར་གྲུབ་པའི་རྗེས་སུ། ནོར་ཝེ་རྒྱལ་ཁབ་ཏུ་ཕེབས་འབྱོར་གྱིས་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག