སྲིད་སྐྱོང་མཆོག་གི་ཨེམསྚར་ཌེམ་ནང་གི་བོད་མིར་གཏམ་བཤད་གནང་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་Netherlands ཡི་རྒྱལ་ས་Amsterdam ནང་གི་བོད་མི་རྣམས་ལ་གཏམ་བཤད་གནང་བ་དང་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་བ་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཐུགས་འཕྲད་གནང་འདུག

བོད་མིའི་སྒྲིག་འཛུགས།

དེ་ཡང་སྲིད་སྐྱོང་མཆོག་གིས་ ཕྱི་ཟླ་གཉིས་པའི་ཚེས་༢༨་རེས་ གཟའ་ལྷག་པའི་སྔ་དྲོ་སུད་སི་ གྲོང་ཁྱེར་Geneva ནང་དུ་ཡོད་པའི་Brazil UOL གསར་འགྱུར་ལས་ཁང་གི་གསར་འགོད ་པ་Jamil Chade ཞུ་བའི་བཅར་འདྲི་དང་ལེན་གནང་ བ་དང་དེ་རྗེས་Netherlands ནང་གི་བོད་དོན་དང་འབྲེལ་བ་ཡོ ད་པའི་ཚོགས་པ་ཁག་༡༦ དང་ལྷན་དུ་ཉིན་གུང་གི་གསོལ་ སྟོན་དང་སྟབས་བསྟུན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་མོལ་གནང་བ་དང་དེ་ནི་བྷལ་ཇམ་གྱི་རྒྱལ་ས་Brusselsདུ་ཡོད་པའི་Brusselsབོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་Netherland ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། Netherlands བོད་རིགས་སྤྱི་མཐུན་ཚོགས་བཅས་ཟུང་འབྲེལ་གྱིས་གོ་སྒྲིག་ཞུ ས་པ་ཞིག་ཡིན་ཞིང་།་སྲིད་སྐྱོ ང་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་ཁག་གི་སྐུ་ཚབ་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐོག་ལ་ལྷག་བསམ་རྣམ་དག་གིས་མུ་ཐུད་ནས་རྒྱབ་སྐྱོར་གནང་བར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུས་གནང་འདུག སྲིད་སྐྱོང་མཆོག་གི་Netherlandsནང་གི་མཛད་རིམ་སྐོར་ཁུལ་དེའི་བོད་མིའི་སྤྱི་མཐུན་ཚོགས་པའི་དྲུང་ཆེར་གཡུ་སྒྲོན་ལགས་ཀྱིས་གནས་འདྲི་ཞུས་པར་གསན་རོགས།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org