སྐུ་ལུས་མེར་བསྲེགས་གནང་མཁན་སྐུ་འཚོ་བཞུགས་ཡོད་མེད་སོགས་ཞིབ་འཇུག་དགོས།

བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་མཁན་༡༥༥ལས་༢༢སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པའི་ཐད་ཞིབ་འཇུག་གནང་དགོས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་གཉིས་པ། ༡༠།༡༢།༢༡ དྲ་བཤུས།/TTV

སྐབས་༡༧པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་མཁན་༡༥༥ལས་༢༢སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པའི་ཐད་ཞིབ་འཇུག་གནང་དགོས་པའི་སྐོར་གླེང་སློང་གནང་ཡོད་པ་དང་བསྟུན།  ཐེངས་འདིའི་ཕ་ཡུལ་ལེ་ཚན་གྱི་ནང་དུ། འདས་གསོན་མ་ངེས་པའི་བོད་མི་སྐྱ་སེར་༢༢དེ་དག་གི་སྐོར་ལ་བསོད་ནམས་ལྷ་མོས་གནས་ཚུལ་ཕྱོགས་བསྡུས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས།

གསར་འགོད་པ། བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org