སྒོ་བ(Goa)གྲོང་ཁྱེར་དུ་ཉེན་རྟོག་པས་བོད་མིའི་ཐོག་དམ་བསྒྲགས།
རྒྱ་གར་ལྷོ་ཕྱོགས་སྒོ་བ་( Goa)་གྲོང་ཁྱེར་ནང་བོད་མི་ཚོས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་བྱ་སྲིད་པའི་དོགས་གཞི་བྱེད་དེ་བོད་མིར་དམ་བསྒྲགས་བྱེད་པ།
-
2016-10-15 -
-
-
རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྒོ་བའི་(Goa)ནང་བོད་མི་ཚོས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་སྐད་འབོད་བྱེད་པ།
གཞོན་ནུ།
Your browser doesn’t support HTML5 audio
༄༅། །ཟླ་འདིའི་ཕྱི་ཚེས་ ༡༥ དང ༡༦ ཉིན་གཉིས་ཀྱི་རིང་རྒྱ་གར་ལྷ་ཕྱོགས་ཀྱི་གྲོང་ཁྱེར་སྒོ་བ( Goa)་ནང་དུ་ BRICS འམ་ སྦརཱ་ཛིལ་དང་ར་ཤི་ཡ། རྒྱ་གར་དང་རྒྱ་ནག། ལྷོ་ཨཕྷ་རི་ཀ་བཅས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་ཡུལ་གྲུ་ལྔའི་དབུ་ཁྲིད་ཀྱི་ཆེས་མཐོའི་ལྷན་ཚོགས་གནང་སྐབས། བོད་མི་ཚོས་རྒྱ་ནག་སྲིད་འཛིན་ལ་ངོ་རྒོལ་བྱེད་སྲིད་པའི་དོགས་གཞིའི་འོག ས་གནས་ཉེན་རྟོག་པས་བོད་མིའི་ཐོག་དམ་བསྒྲགས་བྱེད་བཞིན་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་པདྨ་དངོས་གྲུབ།