བོད་ནས་བཙན་བྱོལ་དུ་འབྱོར་པའི་བོད་ཕྲུག་ཅིག་གི་མངར་སྐྱུར་གྱི་མེ་ཚེའི་ལོ་རྒྱུས།

བོད་ནས་རྒྱ་གར་དང་དེ་ནས་ཨ་རིར་ཤེས་ཡོན་སློབ་སྦྱོང་ཆེད་དུ་བསྐྱོད་པའི་བོད་མི་ན་གཞོན་ཞིག་གིས་མངར་སྐྱུར་གྱི་ཚོར་སྣང་ལྡན་པའི་འགྲུལ་བཞུད་འོག་ནས་མི་ཚེའི་མདུན་འཚོལ་སྙེག་བྱེད་པའི་ལམ་བུ།

བསམ་གྲུབ་ཆོས་འཕེལ་ལགས་ནི། བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་།  ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་འབྱོར་ཏེ་མ་སུ་རི་བོད་ཁྱིམ་དུ་སློབ་ཞུགས་ཀྱིས།   བརྩོན་འགྲུས་ཆེར་སྐྱེས་ཐོག་ནས་ཨ་རིའི་བོད་མིའི་སློབ་ཡོན་ལས་འཆར་བརྒྱུད་དྲྭ་ཐོག་བདེ་འཇགས་ཀྱི་ཆེད་ལས་སློབ་གཉེར་གྱི་ཆེད་ཨ་རིའི་འཕྲུལ་རིགས་ཆེད་ལས་བསྟི་གནས་  (Georgia Institute of Technology)  ནས་ཕྱི་ལོ་ ༢༠༢༤ ལོར་བསླབ་པ་མཐར་སོན་གྱིས་ཕྱིར་རྒྱ་གར་དུ་ཕྱིར་ལོག་གནང་ཡོད་པ་རེད།   གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་དེ་གསན་རོགས་གནང་།།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org