བོད་དོན་ཆེད་གོམས་བགྲོད་དང་རྐང་འཁོར་སྐོར་སྐྱོད།
བོད་དོན་ཆེད་ནུབ་ཕྱོགས་ཡུལ་གྲུའི་ནང་ལས་འགུལ་འདྲ་མི་སྤེལ་བཞིན་ཡོད་པའི་གནས་ཚུལ།
-
2020-07-24 -
-
-
བོད་དོན་ཆེད་ནུབ་ཕྱོགས་ཡུལ་གྲུའི་ནང་ལས་འགུལ་འདྲ་མི་སྤེལ་བཞིན་ཡོད་པའི་གནས་ཚུལ།
སངས་རྒྱས་སྐྱབས། རྟའུ་བློ་བཟང་སྦྱིན་པ།
Your browser doesn’t support HTML5 audio
༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་བབ་བརྗོད་བྱ་ནི། བོད་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་ཆེ་བ་ཡོང་ཆེད༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བོད་རིགས་གཞོན་སྐྱེས་སངས་རྒྱས་སྐྱབས་ལགས་ཀྱིས་ཁཱ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་ནས་རྒྱལ་ས་ཨོ་ཊ་ཝར་བར་ཕར་ཚུར་གཉིས་ཀར་སྤྱི་ལེ ༡༤༠༠ ལྷག་ལ་ཞི་བའི་གོམས་བགྲོད་བྱས་པ་དང་། དེ་བཞིན་དུ་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་ནས་རྒྱལ་ས་ཝ་ཞིན་ཊོན་བར་སྤྱི་ལེ ༨༠༠ ལྷག་ལ་ལྕགས་རྟ་ཞོན་ནས་སྐོར་སྐྱོད་བྱས་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་བཅར་འདྲི་དང་གནས་ཚུལ་ཕྱོགས་བསྒྲིགས་བྱས་པར་ཉན་རོགས་གནོངས།།