དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཕོག་པའི་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་བོད་མིའི་ཆེད་རོགས་སྐྱོར།

ཕྱི་ལོ་༢༠༡༣ལོར་དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཕོག་པའི་ཕུན་ཚོགས་གླིང་བོད་མི་རྣམས་ལ་གུན་གསབ་རོགས་སྐྱོར་ཆེད་ཧིན་སྒོར་འབུམ་ཉིས་བརྒྱ་ལྷག་བྱུང་ཡོད་པའི་གནས་ཚུལ།

དྲག་ཆར་རླུང་འཚུབ་ཀྱི་གོད་ཆག་ཕོག་པའི་ཕུན་ཚོགས་གླིང་བོད་མི་རྣམས་ལ་གུན་གསབ་རོགས་སྐྱོར་ཆེད་ཧིན་སྒོར་འབུམ་ཉིས་བརྒྱ་ལྷག་བྱུང་བ། གཞོན་ནུ་ལྷན་ཚོགས།

༄༅༎ཕྱི་ལོ་༢༠༡༣ཟླ་༡༠ཚེས་༡༡ཉིན་རྒྱ་གར་ཤར་ཕྱོགས་ཁུལ་དུ་མཚོ་རླུང་དྲག་ཆར་ཤུགས་ཆེན་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་འཚབ་ཆེན་ཕོག་ཡོད་པ་དང༌།ཁུལ་དེར་ཡོད་པའི་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་བོད་མིའི་སྟོན་འབྲས་ཡོངས་རྫོགས་བེད་མེད་ཏུ་གྱུར་ནས་འཚོ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་རོགས་ཚོགས་ཁག་དང་།བོད་མི་གནས་ཡུལ་ཁག དེ་བཞིན་སྤྱི་ཚོགས་དྲ་ལམ་ཡུ་ཊུབ་སོགས་ཀྱི་བརྒྱུད་རོགས་སྐྱོར་ཡོང་བའི་རེ་སྐུལ་གནང་བ་བཞིན་ད་ལྟའི་ཆར་རོགས་དངུལ་ཧིན་སྒོར་འབུམ་གཉིས་ལྷག་བྱུང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ནས་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org