ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་གླིང་ནང་གནོད་སྐྱོན་ཚབས་ཆེ་བཏང་བའི་འགན་རྒྱ་ནག་ལ་ཡོད་པའི་ལས་འགུལ།

ཏོག་དབྱིབས་ནད་ཡམས་འཛམ་གླིང་ནང་ཁྱབ་གདལ་ཕྱིན་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་བཏང་བའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པའི་ལས་འགུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག་ཉིན་གྲངས་བཅུའི་རིང་དྲྭ་ཐོག་ལས་འགུལ་གྱི་པར་མཛོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲ་རྒྱ།

ཐེངས་འདིའི་རང་དབང་གླེང་སྟེགས་ཀྱི་ལེ་ཚན་ནང་དུ། ཉི་མ་ལྷ་མོ་ལགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱིས་ཏོག་དབྱིབས་ནད་ཡམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་གདལ་ཕྱིན་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་བཏང་བའི་འགན་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་ལ་ཡོད་ཅེས་ལས་འགུལ་སྤེལ་བ་ཁག་གི་སྐོར་། སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org