བོད་ཀྱི་སྐད་ཡིག་རིག་གཞུང་དང་རྒྱལ་སྤྱིའི་སྐད་བརྡ་རིག་པའི་ཟབ་ཚད་གླེང་བ།

བོད་ཀྱི་སྐད་ཡིག་ལ་གནོད་པ་སྐྱེལ་མཁན་ཡོད་ཀྱང་རྩ་མེད་གཏང་ཐུབ་ཀྱི་མ་རེད་ཅེས་བོད་ཀྱི་སྐད་བརྡ་རིག་པ་ཞིག་གིས་གཏམ་བཤད་སྐབས་སུ་བརྗོད།

སྒྲིག་བཟོ།

ཉིན་ཤས་སྔོན་བཞུགས་སྒར་རྡ་རམ་ས་བོད་ཀྱི་དུས་བབས་ཀྱིས་གོ་སྒྲིག་འོག ཧྥ་རན་སིའི་སྐད་བརྡ་རིག་པའི་མཁས་དབང་སྐུ་ཞབས་ཉི་སྐུ་བདེ་ཆེན་རབ་བརྟན་ (Nicolas Tournadre) ལགས་ཀྱིས། བོད་ཀྱི་སྐད་ཡིག་རིག་གཞུང་དང་རྒྱལ་སྤྱིའི་སྐད་བརྡ་རིག་པའི་ཟབ་ཚད་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་པ་རེད། གཏམ་བཤད་ཀྱི་སྙིང་བསྡུས་ཇི་ཡིན་སྐོར་ཚོགས་བཅར་བ་ཞིག་གིས་མཐའ་མ་བསྡོམས་བརྒྱབ་པའི་སྐབས། མཁས་དབང་ཉི་སྐུ་བདེ་ཆེན་རབ་བརྟན་ལགས་ཀྱིས་གཙོ་བོ་དུས་གསུམ་གྱི་སྐོར་གསུངས་ནས་འདས་པའི་ལོ་རྒྱུས་ནང་བོད་ཀྱི་མེས་དབོན་རྣམ་པའི་སྐུ་རིང་ལ་བླ་ན་མེད་པའི་གཞུང་ལུགས་མང་པོ་དང་། ལེགས་སྐྱེས་འབུལ་ནས་བོད་ཟེར་བ་དེ་ས་ཁྲ་ནང་བཀོད་པ་བཞིན་ཨེ་ཤེ་ཡ་ས་ཁྱོན་ཆེ་བ་དང་སྟོབས་ཤུགས་ཡོད་པའི་རྒྱལ་ཁབ་ཞིག་དང་ཡང་ད་ལྟའི་དུས་སྐབས་ལ་ཛ་དྲག་ཆེན་པོ་དང་ཉེན་ཁ་ཆེན་པོ་ཡིན་ན་ཡང་ང་ཚོ་ལ་གོ་སྐབས་ཆེན་པོ་ཞིག་ཡོད། ང་ཚོའི་རིག་གཞུང་དང་སྐད་ཡིག་དང་བལྟ་གྲུབ་དེ་ཚོའི་རིན་ཐང་དེ་འཛམ་བུ་གླིང་ཐོག་ཉམས་ཡོད་པ་མ་རེད། དེར་བརྟེན་སེམས་ཤུགས་མ་ཆགས་པ་དཀའ་ལས་རྒྱབ། མ་འོངས་པ་ང་ཚོར་འོད་སྟོང་འབར་བའི་མདུན་ལམ་ཞིག་འདུག ང་ཚོར་གནོད་པ་སྐྱེལ་མཁན་ཡོད་ཀྱང་། རྩ་མེད་གཏང་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་སྐད་ཡིག་ཐོག་གཏམ་བཤད་དེའི་གལ་གནད་རང་བཞིན་དང་འབྲེལ་དངོས་སུ་གཏམ་བཤད་ཀྱི་སྒྲ་ཟུར་འདོན་ཐོག་དེར་དངོས་སུ་མཉམ་ཞུགས་མཁན་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་ཁོང་གིས་གཏམ་བཤད་ཀྱི་སྐོར་གོ་རྟོགས་ཇི་བྱུང་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་དང་བགྲོ་གླེང་བྱས་པ་ཞིག་ཉན་རོགས་ཞུ།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org