ཕྱིས་སུ་བོད་ནས་བཙན་བྱོལ་དུ་འབྱོར་པའི་བོད་མི་རྒན་གྲས་ཤིག་གི་ཀྱག་ཀྱོག་གི་མེ་ཚེའི་ལོ་རྒྱུས།

བོད་ནས་ནང་མི་བུ་ཕྲུག་དང་ཁ་གྱལ་ཏེ་མི་ལོ་ ༣༠ ཙམ་གྱི་རྗེས་རྒྱ་གར་བཙན་བྱོལ་དུ་འཆི་ཁར་བུ་ཕྲུག་དང་ཐུགས་ཕྲད་བྱུང་བའི་ལོ་རྒྱུས་ཤིག

ངག་དབང་བཟང་པོ།

ངག་དབང་བཟང་པོ་ལགས་ནི། བོད་ནས་ ༡༩༨༧ ལོར་རྒྱ་གར་དུ་འབྱོར་པ་དང་།  ཁོང་གི་པཱ་ལགས་ ༡༩༥༩ ལོར་ཆུ་སྒང་བསྟན་སྲུང་དྭང་བླངས་དམག་མིའི་ཁོངས་སུ་ཞུགས་ཏེ་རེ་ཞིག་བཙན་བྱོལ་དུ་འགྲོ་དགོས་འཁེལ་ཏེ་རང་གི་ནང་མི་བུ་ཕྲུག་དང་ཁ་གྱལ་ཡོད་པ་དང་།  རྒྱ་གར་དུ་བཞུགས་རིང་ནད་མནར་བྱུང་སྐབས་ངག་དབང་བཟང་པོ་ལགས་བོད་ནས་ལྟ་རྟོག་གི་སླད་ ༡༩༨༧ ལོར་ཆེད་དུ་རྒྱ་གར་དུ་ཡོང་སྟེ་ད་བར་ལ་དྭགས་ནང་མི་ལོ་ ༣༧ ཙམ་གྱི་རིང་གནས་མུས་ཡིན་པ་རེད། ཐེངས་འདིའི་ལས་རིམ་ནང་།  ངག་དབང་བཟང་པོ་ལགས་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org