བདེ་སྐྱིད་གླིང་དུ་ཛ་དྲག་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག

ལས་གཞི་དངོས་སུ་དབུ་འཛུགས་གནང་གཏན་འཁེལ་བའི་བདེ་སྐྱིད་གླིང་གི་ཁ་སྤྲོད་ས་ཁང་དང་དངོས་སུ་འབྲེལ་བ་ཡོད་པའི་ཆ་ནས་སྐོར་ཚོགས་གནང་བ།

ལས་གཞི་དངོས་སུ་དབུ་འཛུགས་གནང་གཏན་འཁེལ་བའི་བདེ་སྐྱིད་གླིང་གི་ཁ་སྤྲོད་ས་ཁང་དང་དངོས་སུ་འབྲེལ་བ་ཡོད་པའི་ཆ་ནས་སྐོང་ཚོགས་གནང་བ། བློ་བཟང༌།

༄༅། །ལྡེ་ར་ལྡུན་བདེ་སྐྱིད་གླིང་དུ་ས་གནས་ཁག་དགུའི་མི་མང་རྣམས་ཛ་དྲག་ཚོགས་འདུ་ཞིག་སྐོང་ཚོགས་གནང་བ།
སྤྱི་ལོ་༢༠༡༨ སྤྱི་ཟླ་༡༠ ཚེས་༩ ཉིན་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་མཆོག་དང་དྲུང་འཕར་རྣམ་པ་གཉིས་བཅས་ནས་ལྡེ་ར་ལྡུན་ས་གནས་དབུ་འཛིན་གྱི་ཁྱབ་ཁོངས་ས་གནས་ཁག་དགུའི་མི་མང་རྣམས་དང་ལྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པ་བཅས་ལྡེ་ར་ལྡུན་བདེ་སྐྱིད་གླིང་དུ་ཛ་དྲག་ཚོགས་འདུ་ཞིག་སྐོང་ཚོགས་གནང་བ་དང་། ཚོགས་འདུའི་ནང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་མཆོག་ནས་ལྡེ་ར་ལྡུན་ཁུལ་གྱི་མི་མང་རྣམས་ཛ་དྲག་གིས་བསྡུ་སྐོང་བྱེད་དགོས་དོན་ནི་ལས་གཞི་དངོས་སུ་དབུ་འཛུགས་གནང་གཏན་འཁེལ་བའི་བདེ་སྐྱིད་གླིང་གི་ཁ་སྤྲོད་ས་ཁང་དང་དངོས་སུ་འབྲེལ་བ་ཡོད་པའི་ཆ་ནས་ཡིན་ཞེས་དང་། སྡོད་ཁང་བརྒྱ་དང་བཅུ་དྲུག་འདི་ཉིད་ད་བར་དུ་ནར་འགྱངས་བྱུང་དོན་ཐད་གཞུང་མང་གཉིས་ནས་འཕྱར་གྲུ་མཉམས་འདེགས་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གིས་ད་བར་དུ་ནར་འགྱངས་བྱུང་ཡོད་པས་དབུས་ས་གཉིས་ནས་རྒྱ་གར་དབུས་ས་གཉིས་ལ་རེ་སྐུལ་ལན་མང་ཞུས་པ་ལ་བརྟེན་ནས་དེ་རིང་སང་ཉིན་ནས་བཟུང་ཨར་ལས་འཛུགས་སྐྲུན་དངོས་སུ་མགོ་འཛུགས་ཀྱིས་ལོ་གཉིས་ནང་ཚར་བ་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།
ད་དུང་ཁོང་གིས་བདེ་སྐྱིད་གླིང་གི་སྤྱི་པའི་ས་ཆའི་སྒང་དུ་ས་གནས་དབུ་འཛིན་ནས་ཚོང་ཁང་གསར་རྒྱག་བྱས་པར་ཁེ་བབ་བརྒྱ་བསྡུ་ཕྱོགས་སྐོར་ལ། གནད་དོན་འདི་རྒྱལ་ཁབ་ཕན་ཚུན་བར་འབྲེལ་མོལ་སོགས་ཀྱི་སྐད་ཆ་བཤད་ཀྱི་མེད་དུས་ཧ་ཅང་གིས་ཆུང་ཚགས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་དུ་ནང་སྲིད་ལྷན་ཁང་གིས་ངོས་ནས་ཁེ་བབ་བསྡུ་ཕྱོགས་ཀྱི་སྐོར་དེ་སྒྲིག་གཞི་དང་མཐུན་པ། མི་མང་གི་མངོན་འདོད་དང་འཚམས་པ། ད་དུང་བོད་མི་མང་སྤྱི་འཐུས་དང་། དཔལ་ལྡན་བཀའ་ཤག་བཅས་ནས་རྒྱུད་རིམ་གསལ་རྟོགས་ཀྱིས་ལངས་ཕྱོགས་ལ་དགག་པ་མེད་སྟབས་ནང་སྲིད་ལས་ཁུངས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏན་ནས་མེད་ཅེས་གསུང་སོང་།
དེ་ནས་བདེ་སྐྱིད་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་པདྨ་བསྟན་འཛིན་ལགས་ནས་ད་ལྟའི་ཆར་བདེ་སྐྱིད་གླིང་དུ་ས་གནས་འཐུས་མི་ལྔ་ལས་མེད་སྟབས་སྒྲིག་གཞི་ལྟར་ཐག་ཆོད་གང་ཡང་ཡོང་གི་མ་རེད་གསུང་སོང་།
སྤྱིར་སྟངས་བདེ་སྐྱིད་གླིང་གི་གཞིས་སྒར་འདི་ཉིད་གསར་རྒྱག་སྐབས་ལྡེ་ར་ལྡུན་ཁུལ་དང་སིམ་ལ་བཅས་དུད་ཚང་༥༢༦ ཙམ་གྱི་ཆེད་དུ་འཛུགས་སྐྲུན་བྱེད་འཆར་ལ། རྗེས་སུ་འབྲུག་ནང་གི་དོན་རྐྱེན་གྱིས་འོག་གཞིས་མི་མང་པོ་ཞིག་རྒྱ་གར་དུ་འབྱོར་སྐབས་ཛ་དྲག་ཆེ་ཆུང་ལ་ལྟོས་ཏེ་ཁོང་རྣམས་ལ་ཁང་པ་སྔོན་ལ་སྤྲད་དེ་དེ་སྔོན་ཡོད་པའི་དུད་ཚང་རྣམས་ལ་ཁང་པ་མ་རག་པ་དང་། གསར་དུ་རྒྱག་གཏན་འཁེལ་བའི་ས་ཆ་འདི་ཉིད་སྔར་མོ་ནས་རག་ཟིན་ཡོད་ཀྱང་གཞུང་ས་གཉིས་བར་དེ་ཙམ་འབྲེལ་ལམ་གྱིས་ནུས་པ་མཉམ་སྤུངས་མ་ཐུབ་པ་སོགས་ཀྱིས་ད་བར་ལུས་ཡོད་སྟབས་རིམ་བཞིན་མི་མང་མང་པོ་ཞིག་འདས་གྲོངས་དང་ཕྱོགས་བསྐྱོད་སོགས་ཀྱིས་ད་ལྟའི་ཆར་དུད་ཚང་བརྒྱད་ཅུ་ཁ་གྲངས་ལས་མེད་པ་དང་། དེ་ལ་ཡང་ས་ཆ་ཙམ་ལས་ཁང་པའི་རྒྱུ་གྲོན་བརྒྱ་ཆ་བཞི་བཅུ་དང་དྲུག་ཅུ། བརྒྱ་ཆ་བརྒྱ་ཐམ་པ་སྤྲོད་དགོས་མཁན་བཅས་དང་། ད་དུང་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ལ་ཡང་ཁང་པ་རྒྱག་སའི་ས་ཆ་ཞིག་ཀྱང་རག་གཏན་འཁེལ་ཡོད་འདུག །
བདེ་སྐྱིད་གླིང་དུ་སྤྱི་པའི་ས་ཆའི་སྒང་ལ་འཛིན་སྐྱོང་ནས་ཚོང་ཁང་གསར་རྒྱག་གིས་མི་མང་རྣམས་ལ་བོག་མ་གཏོང་འཆར་གྱིས་ཁང་གླའི་བརྒྱ་ཆ་དྲུག་ཅུ་རེ་ལྔ་བདེ་སྐྱིད་གླིང་མི་མང་གི་ཆེད་དུ་དང་། བརྒྱ་ཆ་སུམ་ཅུ་སོ་ལྔ་ལྡེ་ར་ལྡུན་ས་གནས་དབུ་འཛིན་གྱིས་རང་ཁ་རང་གསོ་ལ་དམིགས་ཏེ་ས་གནས་ཁག་དགུ་གང་དུ་འགྲོ་སོང་གཏོང་དགོས་ན་གཏོང་རྒྱུའི་འཆར་གཞི་ལ། བདེ་སྐྱིད་གླིང་གི་སྤྱི་མི་གཉིས་དང་ས་འཐུས་ཚོགས་གཙོ་རྒན་གཞོན། ས་གནས་རང་བདེན་ཚོགས་ཆུང་བཅས་ནས་ས་ཆ་འདིའི་ཐོབ་བསྐྱེད་ཆ་ཚང་བདེ་སྐྱིད་གླིང་གི་མི་མང་གི་ཆེད་དུ་ལས་བརྒྱ་ཆ་བཅད་བགོས་ཀྱིས་ས་གནས་གཞན་ལ་གཏོང་གི་མིན་ཞེས་གོང་རིམ་ལ་ཞུ་གཏུགས་དང་། ལྷག་པར་དུ་མི་མང་རྣམས་ལ་ཚོགས་འདུ་རིམ་པར་ཚོགས་ཡོད་ཀྱང་ད་བར་དུ་ཐག་ཆོད་གང་ཡང་བྱུང་མེད་པ་དང་། ཐེངས་འདིར་ནང་སྲིད་དྲུང་ཆེ་མཆོག་ནས་བརྒྱ་སོ་ལྔ་དང་དྲུག་ཅུ་རེ་ལྔའི་སྒང་ལ་གནས་རྒྱུ་དང་། ཡང་ན་ཁང་པའི་རྒྱུ་གྲོན་འབུམ་བཅོ་ལྔ་ཙམ་བཏང་ཡོད་པ་དེའི་ཐོག་སྐྱེད་ཀ་དང་བཅས་ཏེ་ཕར་སློག་སྟེ་ས་ཁང་འཛིན་སྐྱོང་ནས་བདག་རྒྱུ། གལ་སྲིད་དེ་མ་བྱུང་ན་བོད་མི་མང་ཁྲིམས་ཁང་རང་ལ་མ་གཏོགས་འགྲོ་ས་ཡོད་མ་རེད་ཅེས་གསལ་བཤད་གནང་སོང་། འོན་ཀྱང་ཚོགས་འདུའི་ཐོག་དེའི་ཐད་ཐག་ཆོད་གང་ཡང་བྱུང་མ་སོང་མོད། ནང་སྲིད་དྲུང་ཆེ་ནས་བརྒྱ་དཔོན་རྣམ་པ་རེ་རེ་བཞིན་དུ་གསལ་བཤད་དང་མི་མང་གི་བསམ་ཚུལ་བསྡུ་ལེན་གྱིས་ཐག་ཆོད་པ་བྱེད་རྒྱུ་ཡིན་ཞེས་གསུངས་སོང་།
ལྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ཨེ་ཤི་ཡི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org