ས་གནས་འགོ་འཛིན་རྣམ་པར་རྩོད་རྙོག་བར་འདུམ་བྱེད་ཕྱོགས་ཐད་ཟབ་སྦྱོང་།

བཞུགས་སྒར་དུ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་ནས་བཙན་བྱོལ་བོད་མའི་ས་གནས་འགོ་འཛིན་རྣམ་པར་རྩོད་རྙོག་བར་འདུམ་བྱེད་ཕྱོགས་ཐད་ཟབ་སྦྱོང་གནང་བ།

བཞུགས་སྒར་དུ་བཙན་བྱོལ་བོད་མའི་ས་གནས་འགོ་འཛིན་རྣམ་པར་རྩོད་རྙོག་བར་འདུམ་བྱེད་ཕྱོགས་ཐད་ལ་ཉིན་གཉིས་ཀྱི་ཟབ་སྦྱོང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཨོ་རྒྱན་བསྟན་འཛིན།

༄༅། །སྤྱི་ལོ་༢༠༡༦་ ཟླ་ ༡༠་ ཚེས་༢༡་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག བཙན་བྱོལ་བོད་མའི་ས་གནས་འགོ་འཛིན་རྣམ་པར་རྩོད་རྙོག་བར་འདུམ་བྱེད་ཕྱོགས་ཐད་ལ་ཉིན་གཉིས་ཀྱི་ཟབ་སྦྱོང་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org