ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཞིག་འདས་གྲོངས་སོང་བར་ཐུགས་གསོ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་Madeleine Albrightལགས་འདས་གྲོངས་སོང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་ཕྱག་བྲིས།

དབུས་བོད་མིའི་སྒྲིག་འཛུགས།

བོད་མིའི་དབུ་ཁྲིད་༧གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཐེངས་མང་ཞུ་གནང་མཁན་དང་། རྒྱ་ནག་གཞུང་ལ་ཡང་༧གོང་ས་མཆོག་དང་ལྷན་དུ་ཞི་བའི་གྲོས་མོལ་གནང་བའི་ཐོག་ནས་བོད་དོན་དཀའ་རྙོག་སེལ་ཐབས་དགོས་པའི་འབོད་བསྐུལ་ཞུས་པ་སོགས་ཀྱིས་བོད་དོན་ལ་ཐུགས་ཁུར་བཞེས་གནང་མཁན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་Madeleine Albrightལགས་དགོངས་པ་རྫོགས་པའི་གནས་ཚུལ་དང་འབྲེལ་ཁོང་གི་ཤུལ་ལུས་བུ་མོ་དང་ནང་མི་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་བོད་མི་མང་གི་ཚབ་ཞུས་ཏེ་ཐུགས་གསོའི་ཕྱག་བྲིས་ཕུལ་ཡོད་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་སྙན་སྒྲོན་ཞུས་པ་གསན་རོགས།

གསར་འགོད་པ། ཚེ་དབང་ནོར་བུ།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org