པེ་རིས་ནང་རྒྱ་རིགས་ཟ་ཁང་བདག་པོས་བོད་རིགས་ལས་བྱེད་པ་གཅིག་དམར་གསོད་བཏང་བ།
བོད་མི་འདས་པོ་ཁོང་ལ་ཡུ་རོབ་ཁུལ་གྱི་བོད་མི་རྒྱ་ཕྲག་མང་པོས་མྱ་ངན་གྱི་གོམ་བགྲོས་ལས་འགུལ་རྒྱ་ཆེ་སྤེལ་བའི་གནས་ཚུལ།
- 2022-07-28
-
-
-
ངོ་དེབ།
Your browser doesn’t support HTML5 audio
མི་རབས་གསར་པའི་ལེ་ཚན་ནང་ཉེ་སྔོན་ཕེརན་སི་རྒྱལ་ས་པེ་རིས་རུ་རྒྱ་རིགས་ཟ་ཁང་གི་སྦྱིན་བདག་གཙོས་པའི་མི་སྣ་ཁག་ཅིག་ནས་ཟ་ཁང་གི་ལས་བྱེད་པ་བོད་རིགས་ཞིག་དམར་གསོད་བཏང་བའི་དོན་རྐྱེན་དང་འབྲེལ་དེ་ཉེན་རྟོག་པའི་ཞིབ་འཇུག་གི་གནས་བབ་དང་། བོད་མི་འདས་པོ་ཁོང་ལ་ཡུ་རོབ་ཁུལ་གྱི་བོད་མི་རྒྱ་ཕྲག་མང་པོས་མྱ་ངན་གྱི་གོམ་བགྲོས་ལས་འགུལ་རྒྱ་ཆེ་སྤེལ་བའི་གནས་ཚུལ་དང་རྒྱབ་སྦྱོང་དང་བྱུང་རིམས་སོགས་ཀྱི་སྐོར་པེ་རིས་གནས་ཞུགས་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་སུ་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་པ་གསན་རོགས་གནང་།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།