བཙོན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མའི་རུ་ཁག་ཅིག་ཨ་རིའི་ནང་ཕྱོགས་སྐྱོད།

དཀྱིལ་འཁོར་བཞེངས་སྐྲུན་དང་། ཆོས་བཤད། གར་འཆམ་སྐྱོན་པ་བཅས་གནང་བཞིན་ཡོད་པ་དང་ཨ་རིའི་ནང་ཆོས་ཚོཊ་ཤིག་འཛུགས་རྒྱུའི་འཆར་སྣང་ཡོད་པ་པའི་སྐོར།

ཨ་རིའི་ནང་ཕྱོགས་སྐྱོད།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་བཙོན་དགོན་བྱང་ཆུབ་ཆོས་གླིང་གི་མཁན་ཟུར་བཀྲིས་ཚེ་རིང་ལགས་དང་དགེ་བཤེས་མ་ཡེ་ཤེས་བཟང་མོ་ལགས་ཀྱིས་དབུས་བཙུན་མའི་རུ་ཁག་ཅིག་ཨ་རིའི་ནང་ཕྱོགས་སྐྱོད་གནང་བཞིན་ཡོད་ཅིང་།  དཀྱིལ་འཁོར་བཞེངས་སྐྲུན་དང་།  ཆོས་བཤད།  གར་འཆམ་སྐྱོན་པ་བཅས་གནང་བཞིན་ཡོད་ཅིང་།  ཨ་རིའི་ནང་ཆོས་ཚོཊ་ཤིག་འཛུགས་རྒྱུའི་འཆར་སྣང་ཡོད་པ་གསུངས་བྱུང་།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  མཁན་ཟུར་བཀྲིས་ཚེ་རིང་ལགས་དང་དགེ་བཤེས་མ་ཡེ་ཤེས་བཟང་མོ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org