ནད་རྟགས་ཡོད་མཁན་ནས་སྤྱི་ཚོགས་ནང་འགན་འཁུར།

ཁྱེད་ལ་ཏོག་དབྱིབས་ནད་འབུ་འགོས་པ་བརྟག་དཔྱད་བརྒྱུད་ར་འཕྲོད་བྱུང་བའམ་ནད་རྟགས་ཡོད་ན། སྤྱི་ཚོགས་ནང་འགན་འཁུར་བཞེས་ཕྱོགས།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་སྨན་ཞབས་པ་ཚོར་ཆེ་བསྟོད་ཀྱི་བརྙན་པར་དང་། ང་ཚོའི་ལས་རིམ་ནང་བཀའ་མོལ་གནང་མཁན་སྨན་ཞབས་པ་ངག་དབང་ཆོས་དབྱིངས་ལགས་དང་སྨན་ཞབས་པ་ཚེ་རིང་བདེ་ཆེན་ལགས། ཨེ་ཨེཕ་པི་པར་རིས་སྟེང་བཟོ་སྒྲིག་ཞུས་པ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  གལ་ཏེ་ཁྱེད་ལ་ཏོག་དབྱིབས་ནད་འབུ་འགོས་པ་བརྟག་དཔྱད་བརྒྱུད་ར་འཕྲོད་བྱུང་བའམ་དེ་མཚུངས་ཀྱི་ནད་རྟགས་ཡོད་ཚེ། དེ་འབྲེལ་གྱི་འཕྲོད་བསྟེན་བྱེད་སྒོ་དང་།  སྤྱི་ཚོགས་ནང་འགན་འཁུར་བཞེས་ཕྱོགས་སོགས་ནད་ཡམས་འདིར་གདོང་ལེན་བྱེད་སྟངས་ཐད་ནད་དུག་འདི་འགོས་པའི་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་སྨན་ཁང་ཁག་ནང་ཕྱག་ལས་གནང་བཞིན་པ་སྨན་ཞབས་པ་ངག་དབང་ཆོས་དབྱིངས་ལགས་དང་།  སྨན་ཞབས་པ་ཚེ་རིང་བདེ་ཆེན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org