རྒྱལ་སྤྱིའི་བོད་རིགས་ཆེད་ལས་པའི་འདུ་འཛོམས་ཐེངས་གཉིས་པ་དེ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་འདུག

ན་གཞོན་ནུས་སྤེལ་ལས་གཞི་ཚན་པའི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་གྱི་རྒྱལ་ས་ཆེ་ཁག་ནང་ཆེད་ལས་འདྲ་མིན་ཐོག་ཕྱག་ལས་གནང་བཞིན་པའི་རྒྱལ་སྤྱིའི་བོད་རིགས་ཆེད་ལས་པའི་འདུ་འཛོམས་ཤིག་བསྐོང་ཚོགས་གནང་འདུག

མཐུན་འགྱུར་པར་རིས།

ཉེ་ཆར་ཕྱི་ཟླ་ ༡ ཕྱི་ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ན་གཞོན་ནུས་སྤེལ་ལས་གཞི་ཚན་པའི་གོ་སྒྲིག་འོག་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཆེད་ལས་འདྲ་མིན་ཐོག་ཕྱག་ལས་གནང་བཞིན་པའི་བོད་རིགས་ཆེད་ལས་པའི་དབར་ཕན་ཚུན་འབྲེལ་བ་ཚུགས་ཐབས་དང་། ཆེད་ལས་པ་དང་གཞོན་སྐྱེས་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས། སྤྱི་ཚོགས་ལ་ཕན་པའི་ཐུན་མོང་གི་ལས་དོན་སྒྲུབ་ཐབས་སོགས་ཀྱི་ཐོག་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་སོགས་ཀྱི་ GTPN ཞེས་རྒྱལ་སྤྱིའི་བོད་རིགས་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་ཡོད་པ་རེད། ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་བོད་རིགས་ཆེད་ལས་པའི་འབྲེལ་འདྲིས་ཀྱི་ལས་གཞི་དེའི་ལས་འཆར་དང་དེས་སྤྱི་ཚོགས་ལ་ཕན་འབྲས་སོགས་གང་བྱུང་ཡོད་མེད་སྐོར་ལ་ན་གཞོན་ནུས་སྤེལ་ལས་གཞི་ཚན་པའི་འགན་འཛིན་ཀུན་བཟང་ཚེ་དཔལ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org