ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་བཙུགས་ནས་ལོ་ངོ་༢༣འཁོར་བ་དང་སྟབས་བསྟུན་སློབ་ཟུར་ཁག་ཅིག་གིས་སློབ་གཉེར་ཁང་གི་བཀའ་དྲིན་རྗེས་སུ་དྲན་པ།

སྤྱིར་སྟངས་སློབ་གཉེར་ཁང་འདི་སྤྱི་ལོ་༡༩༩༡ ལོ་ཙམ་ནས་ཨར་ལས་འགོ་འཛུགས་འདུག

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་འདི་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཆེད་ལ་དམིགས་ནས་སྤྱི་ལོ་༡༩༩༨ ལོར་གསར་འཛུགས་གནང་བ་རེད་ཅེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་གི་འདུག སློབ་གྲྭ་འདི་བཙུགས་ནས་ད་བར་ལོ་ངོ་ཉི་ཤུ་རྩ་གསུམ་གྱི་རིང་དགེ་ལས་སློབ་མའི་གྲངས་འབོར་མང་རུ་ཕྱིན་པ་ཙམ་དུ་མ་ཟད། ཐོག་མར་དགེ་རྒན་དང་ལས་བྱེད་ཟབ་སྦྱོང་ནས་རིམ་བཞིན་མཐོ་རིམ་རིག་གནས་རབ་འབྱམས་པ་དང་། དགེ་འོས་ཁག དེ་བཞིན་ད་ལྟའི་ཆར་བོད་ཀྱི་རྩིམ་རིག་སོགས་ཀྱི་སྐོར་ལ་གཙུག་ལག་རབ་འབྱམས་པའི་བར་རྒྱ་བསྐྱེད་སོགས་ཕྱིན་ཡོད་པ་རེད་འདུག སློབ་གཉེར་ཁང་འདི་ནས་ཐོན་མཁན་རྣམས་ལ་ཤེས་སྤྱོད་གཉིས་ཐད་ནས་སྤྱི་ཚོགས་ཐོག་གདེངས་འཇོག་ཚད་མཐོན་པོར་གནང་གི་འདུག་ཅེས་གསུང་གི་འདུག འདི་གའི་སྐོར་གསར་འགོད་པ་བློ་བཟང་ལགས་ཀྱིས་གནས་ཚུལ་ལ་གསན་རོགས་ཞུ།།


གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org