བོད་རྒྱ་གྲོས་མོལ་བསྐྱར་འཛུགས་ཀྱི་རེ་སྐུལ།
དབུ་མའི་ལམ་གྱི་མི་དམངས་ལས་འགུལ་ཁང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་འགྲོལ་དགོས་པ་དང་རྒྱ་བོད་ཞི་བའི་གྲོས་མོལ་བསྐྱར་འཛུགས་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
-
2014-04-27 -
-
-
ལྡི་ལིར་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་ནས་ཚོགས་འདུར་གསུང་བཤད་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། དཀར་མཛེས་བ་བསོད་ནམས་དབང་འདུས།
༄༅༎དབུ་མའི་ལམ་གྱི་མི་དམངས་ལས་འགུལ་ཁང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་བཞི་པའི་ཚེས་༢༥ ནས་འགོ་བཙུགས་ཏེ་ཉིན་གསུམ་རིང་བོད་དོན་ལས་འགུལ་སྤེལ་བ་བརྒྱུད་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་བཏོན་པ་མ་ཟད། བོད་དང་རྒྱ་ནག་ཕན་ཚུན་བསྐྱར་དུ་ཞི་བའི་གྲོས་མོལ་འགོ་བཙུགས་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།ལས་འགུལ་ཉིན་མཐའ་མའི་སྐབས་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་མི་དམངས་ལ་བོད་དོན་སྐོར་གསུང་བཤད་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཇོ་ལེབས་ཆོས་འཕེལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎