བཙན་བྱོལ་བོད་མིའི་གཞིས་ཆགས་ས་བརྟན་ཡོང་ཐབས།
ས་གནས་རྒྱ་གར་ཡུལ་མི་མཉམ་འཆམ་མཐུན་ངང་གནས་རྒྱུའི་གནད་འགག་གི་སྐོར།
- 2022-06-08
-
-
-
Your browser doesn’t support HTML5 audio
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁུལ་སྦིར་བོད་མིའི་གཞིས་ཆགས་ས་གནས་སུ་རྒྱ་གར་གྱི་ཡུལ་མི་ཁྱིམ་ཚང་ཉམས་ཐག་ཞིག་ལ་དཀའ་ངལ་ཧ་ཅང་ཕྲད་པའི་གནས་ཚུལ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་ལྟར། སྦིར་བོད་མིའི་ས་གནས་ཀྱི་འབྲེལ་ཡོད་མི་སྣ་ཁག་གིས་གནད་དོན་དེའི་ཐོག་ཞིབ་འཇུག་གིས་རོགས་སྐྱོབ་འོས་པ་ཞིག་མཐོང་རྗེས་ཉམས་ཐག་ཁྱིམ་ཚང་དེའི་ཆེད་དུ་བོད་མིས་ཁང་པ་གསར་རྒྱག་དང་ཉམས་ཐག་ཁྱིམ་ཚང་གི་ཕྲུ་གུ་ཚོའི་ཆེད་དུ་སློབ་ཡོན་གྱི་སྦྱིན་བདག་གནང་བ་སོགས་བྱུང་འདུག བོད་མིའི་ལྷག་བསམ་རྣམ་དག་གི་གཞན་ཕན་གྱི་ལས་དོན་དེས་རྒྱ་གར་ཡུལ་མི་དང་ས་གནས་བོད་མིའི་དབར་འཆམ་མཐུན་ཡོང་རྒྱུ་ཤིན་ཏུ་དགེ་མཚན་ཆེ་བ་ཞིག་བྱུང་ཡོད་འདུག དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་སྤྱིར་བཙན་བྱོལ་ནང་བོད་མིའི་གཞིས་ཆགས་ས་བརྟན་དང་ཡང་སྒོས་སུ་ས་གནས་རྒྱ་གར་ཡུལ་མི་མཉམ་འཆམ་མཐུན་ངང་གནས་རྒྱུའི་གནད་འགག་གི་སྐོར་སྦིར་སྡེ་དགེ་ས་གནས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།