༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ།

མི་རིགས་ས་གནས་སུ་རྟེན་གཞི་བྱས་པའི་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་དུ་༧སྐྱབས་རྗེ་རྒྱལ་ཚབ་དྲུང་གཽ་ཤྲི་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག་དྭགས་ཤངས་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ་གནང་ཡོད་པ་རེད།

༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོ། འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན།

བོད་ཟླ་ ༩ ཚེས་ ༢༢ ལྷ་བབས་དུས་ཆེན་དང་བསྟུན་ནས་རྒྱ་གར་བྱང་ཤར་ནུབ་བྷེངྒལ་གྱི་གྲོང་ཁྱེར་རྡོ་རྗེ་གླིང་ཁྱབ་ཁོངས་མི་རིགས་ས་གནས་སུ་རྟེན་གཞི་བྱས་པའི་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་དུ་༧སྐྱབས་རྗེ་རྒྱལ་ཚབ་དྲུང་གཽ་ཤྲི་རིན་པོ་ཆེ་མཆོག་གིས་དབུ་བཞུགས་ཐོག་དྭགས་ཤངས་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ཀརྨ་དཔལ་ལྡན་བློ་གྲོས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཁྲི་འདོན་མཛད་སྒོ་གནང་ཡོད་པ་རེད།  

༧སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག

ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  མི་རིགས་སུ་ཆགས་པའི་འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་སློབ་སྤྱི་བླ་མ་འཕྲིན་ལས་ལགས་དང་ལྷན་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་༧སྐུ་ཕྲེང་རིམ་བྱོན་གྱི་སྐོར་དང་།  དྭགས་པོ་བཀའ་བརྒྱུད་དང་ཤངས་པ་བཀའ་བརྒྱུད་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org