ཕྱག་དཔེ་དགེ་རྒན་རྣམ་པའི་ལྷན་ཚོགས་ཐེངས་དང་པོ།

གདན་ས་ཆེན་པོ་གསུམ་དང་རྒྱུད་གྲྭ་སྟོད་སྨད། ར་སྟོད་དང་རྣམ་རྒྱལ་གྲྭ་ཚང་སོགས་ཀྱི་ཕྱག་དཔེའི་དགེ་རྒན་རྣམ་པའི་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་ཡོད་པ།

འབྲས་སྤུངས་ཚོགས་ཆེན་གྱི་ནང་གདན་ས་ཆེན་པོ་གསུམ་དང་རྒྱུད་གྲྭ་སྟོད་སྨད། ར་སྟོད་དང་རྣམ་རྒྱལ་གྲྭ་ཚང་སོགས་ཀྱི་ཕྱག་དཔེའི་དགེ་རྒན་རྣམ་པའི་ལྷན་ཚོགས་ཐེངས་དང་པོ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀུན་བཟང་བསྟན་འཛིན།

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་། དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་བཞིན་པའི་ལས་རིམ་གྱི་ཁོངས་ནས་ཉེ་ཆར་འབྲས་སྤུངས་ཚོགས་ཆེན་གྱི་ནང་གདན་ས་ཆེན་པོ་གསུམ་དང་རྒྱུད་གྲྭ་སྟོད་སྨད། ར་སྟོད་དང་རྣམ་རྒྱལ་གྲྭ་ཚང་སོགས་ཀྱི་ཕྱག་དཔེའི་དགེ་རྒན་རྣམ་པའི་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་ཡོད་པ་དེ་དང་འབྲེལ་ཡོད་སྐོར། སྒོ་མང་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་ལགས་དང་བྱང་རྩེ་གྲྭ་ཚང་གི་ཕྱག་དཔེའི་རྒན་བསྟན་འཛིན་བཟང་པོ་ལགས། སེར་སྨད་ཕྱག་དཔེའི་རྒན་བྱམས་པ་ཡེ་ཤེས་ལགས་བཅས་དང་ལྷན་དུ་སྤྱི་ཁྱབ་བརྩོམ་སྒྲིག་པ་སྐལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགསཞུ༎

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org