ལྷན་ཚོགས་ཐེངས་དང་པོ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ཚེས་༢༧ཉིན་སྐོང་ཚོགས་གནང་ཡོད་པ་རེད། བཞུགས་སྒར་དྷ་རམ་ས་ལར་སྐོང་ཚོགས་གནང་བའི་ལྷན་ཚོགས་དེའི་ནང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མཁན་པོ་དང་དགེ་བཤེས་ཁྱོན་མི་གྲངས་ ༡༠ ལྷན་འཛོམས་གནང་འདུག

ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་ལྷན་ཚོགས་ནང་གསུང་བཤད་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས།

༄༅།    །ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་།    དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག    གཞུང་ཆེན་རིགས་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དང་པོ་དང་འབྲེལ་བའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ་གནས་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org