༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་རྒྱུའི་འགན་འཁུར་བོད་མི་མི་རེ་ངོ་རེ་ལ་ཡོད།

ཆོས་རིག་བཀའ་བློན་མཆོག་གིས་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་རྒྱུའི་འགན་འཁུར་བོད་མི་མི་རེ་ངོ་རེ་ལ་ཡོད་ཅེས་གསུངས་ཡོད་པ།

༢༠༡༨།༤།༢༡།ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་ སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་གནང་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པ་སངས་ཚེ་རིང༌།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་༡༨ ནས་ ༢༡བར། རྒྱ་གར་བྱང་ཤར་འབྲས་ལྗོངས་སྒང་ཏོག་ཁུལ་དུ་ཡོད་པའི་རིས་མེད་དགོན་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་པ་སངས་ཚེ་རིང༌།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org