སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དང་རྒྱ་ནག་ལ་ཕོག་ཐུག
རྒྱ་ནག་གིས་བཙན་བྱོལ་བོད་མིའི་འགོ་ཁྲིད་སུ་ཕེབས་པ་ཡིན་ནའང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཤུགས་རྐྱེན་ཡོང་གི་མ་རེད་ཅེས་བཤད་པ་དེར་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་བ།
- 2021-01-08
-
-
-
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་གོ་ལའི་དུས་བབ་ཀྱི་གསར་ཤོག་ཐོག རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཀྲོའོ་ལི་ཅཱན་གིས། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ཀྱི་འོས་བསྡུའི་གྲུབ་འབྲས་ཅི་ཡོང་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་དེ་འབྲེལ་གྱི་གནད་དོན་ཁག་ལ་ཤུགས་རྐྱེན་གང་ཡང་ཡོང་གི་མ་རེད་ཅེས་བརྗོད་པའི་ཐད། འདི་ག་གསར་ཁང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་ནས་༧གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་དེས་ནུས་པ་འཐོན་གྱི་ཡོད་པ་དང་། རྒྱ་ནག་གཞུང་ལ་ཏག་ཏག་ཕོག་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པའི་སྐོར།
འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བར་གསན་རོགས་ཞུ།།